བྱང་སྟོར་ཤོར་མི་ ཨང་རྒས་ཅིག་ ད་ལྟོའི་བར་ན་ཡང་ འཚོལ་མ་ཐོབ་པར་ཡོདཔ།

༉ གནམ་བྱཱར་དགུན་མེད་པར་ རྩི་རང་ལས་ གསར་སྤང་འགྱོ་སའི་ལམ་ཁར་ གནས་སྐབས་ཀྱི་ ཁྱིམ་ཆུང་ཅིག་ནང་ མོ་རང་རྐྱངམ་གཅིག་སྦེ་སྡོད་མི་ ཨ་ནེམོ་ཨིན་ཟེར་ སླབ་མི་དེ་ དུས་ཅི་སྤྱི་ཟླ་༥ པའི་ནང་ལས་ བྱང་སྟོར་ཤོར་ཏེ་ ད་ལྟོའི་བར་ན་ཡང་ ཐོབ་མ་ཚུགསཔ་ཨིན་པས།
སྐྱེས་ལོ་༧༤ ལང་མི་ ཤི་རི་མ་ཏི་རའི་དེ་ གསར་སྤང་དགའ་སྐྱིད་གླིང་ སྨན་ཆུ་ལམ་ཟེར་ས་ལས་ཨིནམ་ད་ མོ་ར་ གཉེན་མ་རྐྱབ་མ་ཚད་ ན་ཧིང་ རྩི་རང་ལས་ གསར་སྤང་འགྱོ་སའི་ལམ་ཁར་ ལོ་རིང་དང་ དགེ་ཆུ་བར་ན་ ལམ་གྱི་ལྟག་ལུ་ གནས་སྐབས་ཀྱི་ ཁྱིམ་ཆུང་ཅིག་ རྐྱབ་ཡོད་མི་དེ་ནང་ སྡོད་དོ་ཡོདཔ་ཨིན་པས།
གསར་སྤང་གི་ ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨང་རྒས་དེ་ ག་ཏེ་ཡང་མེད་པར་ བྱང་སྟོར་ཤོར་ཡོད་པའི་སྐོར་ལས་ དགའ་སྐྱིད་གླིང་རྒཔོ་གིས་ སྙན་ཞུ་འབད་ཡོདཔ་ཨིན་རུང་ མོ་ར་ མང་ཤོས་ཅིག་ ཁྱིམ་ནང་མ་སྡོད་པར་ བཤལ་ཐོག་ལས་ གནས་སྐབས་ཀྱི་ ཁྱིམ་ཆུང་བཟོ་ཡི་ར་ སྡོད་ནི་དེ་གིས་ བཟའ་ཚང་ཚུ་གིས་ཡང་ དེ་སྦེ་ར་ སྡོད་དོ་འོང་ཟེར་བའི་ མནོ་བསམ་བཏང་སྟེ་ སྣང་དག་མ་བསྐྱེད་པས་ཟེར་ཨིན་པས།
ཤུལ་ལས་ ཨང་རྒས་དེ་ མཐོང་ནི་མེད་པའི་བསྒང་ལས་རྐྱངམ་གཅིག་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག།
གཡུས་ཁའི་ མི་སེར་ཚུ་གིས་ ཨང་རྒས་དེ་ འཚོལ་བར་འགྱོ་བའི་སྐབས་ ཐོ་ཏེ་ཁོ་ལ་ཟེར་སའི་ས་གནས་ནང་ མོ་གི་ཅ་ཆས་ཚུ་ མཐོང་ཡོདཔ་ད་ ས་གནས་དེ་ མོ་གི་གཡུས་ཚན་ལས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་ ས་ཁར་ཨིན་པས།
མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ ནུབ་སི་ཀིམ་ལུ་ མི་ཤི་ཡོད་པའི་རོ་ཅིག་ རུལ་ཡོདཔ་སྦེ་ བཀོད་ཡོདཔ་ཨིན་རུང་ གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚེ་འདས་ཀྱི་གདོང་ ལེགས་ཤོམ་སྦེ་ ངོ་ཤེས་མ་ཚུགས་ཏེ་འབད་རུང་ ནུབ་བེང་གཱལ་ལས་ཨིནམ་སྦེ་ གཏན་འཁེལ་སླབ་ཡོདཔ་ལས་ ཨང་རྒས་དེ་ མེནམ་འོང་ནི་མས་ཟེར་ཨིན་པས།
མོ་གིས་ བཤད་མི་དང་འཁྲིལཝ་ད་ མོ་ར་ ཨ་ནེམོ་ཨིནམ་ལས་ ས་གནས་ནང་ ཆོས་འབད་དེ་སྡོདཔ་ཨིན་ཟེར་ སླབ་ཨིན་པས།
ས་གནས་ནང་ སྐྱེལ་འདྲེན་འབད་མི་ མང་ཤོས་ཅིག་གིས་ ཨང་རྒས་དེ་ ཕངས་སི་སི་སྦེ་ དཀའཝ་སྤྱད་སྡོད་སར་མཐོངམ་ལས་ བཟའ་འཐུང་དང་ བཀབ་གོ་ལ་ཚུ་ འབག་བྱིན་རུང་ རྩ་ལས་ར་ ལེན་མི་བཏུབ་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ ཉིན་མ་ མོ་ར་ཚལ་མ་ནང་ལས་ཕར་ སོང་ཞིནམ་ལས་ ཕྱགསཔ་བཅག་འབག་འོང་སྟེ་ ལམ་འགྲུལཔ་ཚུ་ལུ་བཙོང་སྟེ་ ཏི་རུ་ཐོབ་མི་དེ་གིས་ བཟའ་འཐུང་ཚུ་ ཉོ་ཟ་དོ་ཡོདཔ་ཨིན་པས།
རྩི་རང་ལས་ གསར་སྤང་ཁ་ཐུག་ལུ་བལྟ་སྟེ་ འགྱོ་ཡི་ར་སྡོད་མི་ གླ་འཁོར་དེད་གཡོགཔ་ རྒྱལ་མཚན་གྱིས་འབད་བ་ཅིན་ གནམ་བྱཱར་གྱི་སྐབས་ལུ་ ཨང་རྒས་དེ་ མང་ཤོས་ཅིག་ར་ ལམ་གྱི་མཐའམ་བདའ་སྟེ་ སྡོད་སར་མཐོངམ་ཨིན་རུང་ དུས་ཅི་ མོ་མ་མཐོང་པར་ ཟླཝ་དག་པ་ཅིག་ལང་ཡོདཔ་ལས་ སྡོད་གནས་སྤོ་ཡོདཔ་ཨིན་ན་ ཡང་ཅིན་ ན་སྟེ་ཡོདཔ་ཨིན་ན་ མི་ཤིས་པས་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ མོ་གི་སྐོར་ལས་ སྙན་ཞུ་ག་ཅི་ཡང་ ཐོབ་མ་ཚུགསཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *