༉ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཡན་ལག་དཔལ་འབྱོར་མཐུད་སྦྲེལ་གྱི་ ལས་འགུལ་ཐོག་ལས་ ཕུན་ཚོགས་གླིང་ལུ་ བྱང་ཕྱོགས་ཟུར་ལམ་མཐུད་མཚམས་དང་པའི་ བཟོ་སྐྲུན་ལཱ་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།༉ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཡན་ལག་དཔལ་འབྱོར་མཐུད་སྦྲེལ་གྱི་ ལས་འགུལ་ཐོག་ལས་ ཕུན་ཚོགས་གླིང་ལུ་ བྱང་ཕྱོགས་ཟུར་ལམ་མཐུད་མཚམས་དང་པའི་ བཟོ་སྐྲུན་ལཱ་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།དེ་ཡང་ ལས་འགུལ་༢ ཡོད་མི་ལས་ དབྱེ་ཁག་དང་པའི་ནང་ ཀི་ལོ་མི་ཊར་༢.༧ འབད་མི་ སྣུམ་འཁོར་གྱི་ལམ་ བཟོ་སྐྲུན་འབད་ནི་ཨིནམ་ད་ ད་ལྟོ་ཡོད་པའི་ ཨོམ་ཆུ་ཟམ་གྱི་སྦོ་ལོགས་ཁར་ ས་འོག་ལམ་བཟོ་སྐྲུན་འབད་ནི་དེ་ ལས་སྣ་གཙོ་ཅན་ཅིག་ཨིན་པས།དབྱེ་ཁག་དང་པའི་ ལས་འགུལ་དོན་ལུ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ གྲོགས་རམ་མ་དངུལ་ དངུལ་ཀྲམ་ས་ཡ་༡༩༨.༤༨ བྱིན་ཡོདཔ་ད་ ཕུན་ཚོགས་གླིང་ཁྲོམ་སྡེ་དེ་གིས་ ལས་འགུལ་ལྟ་རྟོག་འབད་ནི་ཨིནམ་བཞིན་དུ་ ལས་འགུལ་དེ་ སྤྱི་ལོ་༢༠༡༩ ཟླ་༨ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།ཁྲོམ་སྡེ་ལས་ ལས་འགུལ་འགོ་འདྲེན་པ་ དེ་བི་ཅ་རཱན་དི་མཱལ་གྱིས་ སླབ་མིའི་ནང་ ད་ཚུན་ ས་ཁོངས་དེ་ནང་ གནད་དོན་མ་འདྲཝ་ཚུ་ལུ་བརྟེན་ ལས་སྣ་ཚུ་ འགོ་བཙུགས་མ་ཚུགས་ཟེར་ཨིན་པས།དེ་འབདཝ་ད་ ད་ལྟོ་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ད་ བཟོ་སྐྲུན་གྱི་ལཱ་ཚུ་ སྤྱི་ཟླ་༩ པའི་ཟླ་མཇུག་དང་ སྤྱི་ཟླ་༡༠ པའི་བར་ན་ འགོ་བཙུགས་ཅི་ཟེར་ ཁོ་གིས་བཤདཔ་ཨིན་པས།དེ་བི་ཅ་རཱན་དི་མཱལ་གྱིས་ སླབ་མིའི་ནང་ ལཱ་གི་དོན་ལུ་ དུས་ཚོད་བཞག་སྟེ་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ ས་འོག་ལམ་གྱི་མཐའམ་བདའ་སྟེ་ སྣུམ་འཁོར་ཚུ་ འགྱོ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།ད་ལྟོ་ འཁོར་ལམ་གཙོ་བོ་དེ་ ས་འོག་ལམ་བཟོ་སྐྲུན་ལུ་བརྟེན་ སྒོ་བསྡམས་བཞག་ཡོདཔ་ད་ གནས་སྐབས་ཀྱི་དོན་ལུ་ སྣུམ་འཁོར་ཚུ་ ཚོད་བསྲེ་ཁྲོམ་རྙིངམ་གི་ ས་ཁོངས་བདའ་སྟེ་ རྒྱུན་འགྲུལ་འཐབ་བཅུག་སྟེ་ཡོདཔ་ཨིན་པས།ས་ཁོངས་བདའ་སྟེ་ཡོད་པའི་ འཁོར་ལམ་གྱི་རྩི་ནག་ཚུ་ མེདཔ་ཐལ་ཏེ་ཡོདཔ་ལས་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དཀའ་ངལ་ཐོན་དོ་ཡོདཔ་ད་ འཁོར་ལམ་ཁར་དོང་ཐོན་མི་ཚུ་ཡང་ འཕྲལ་ཁམས་ཅིག་ཁར་ ས་གིས་བསུབས་ཡོདཔ་ཨིན་པས།ད་ལྟོ་ ཨོམ་ཆུ་གུ་ལས་ ད་ལྟོ་ཡོད་པའི་ཟམ་གྱི་ལྟག་ལུ་ ཟམ་ཅིག་བཟོ་སྐྲུན་འབད་མི་དེ་ བརྒྱ་ཆ་༢༥ དེ་ཅིག་ མཇུག་བསྡུ་ཡོདཔ་ཨིན་པས། ལཱ་དེ་ སྤྱི་ལོ་༢༠༢༠ ཟླ་༢ པའི་ནང་ མཇུག་བསྡུ་དགོཔ་ཨིནམ་བཞིན་དུ་ ལཱ་གི་དོན་ལུ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༢༤༦.༠༧ དེ་ཅིག་ གྲོགས་རམ་འབད་དོ་ཡོདཔ་ཨིན་པས། ལས་འགུལ་འགོ་འདྲེན་པ་ དེ་བི་ཅ་རཱན་དི་མཱལ་གྱིས་ སླབ་མིའི་ནང་ ལས་ཁག་༢ དུས་ཚོད་ཁར་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ ལཱ་དེ་ ཇ་པཱན་བཟོ་སྐྲུན་ལས་སྡེ་ མ་རུ་ཤིན་ ཤི་ཏ་ཀ་བཟོ་སྐྲུན་ཚད་འཛིན་དང་ ནང་འཁོད་ཀྱི་ཁག་འབགཔ་ རིག་གསར་བཟོ་སྐྲུན་ལས་སྡེ་ལུ་ མཉམ་འབྲེལ་ལས་འགུལ་སྦེ་ སྤྲོད་ཅི་ཟེར་ ཨིན་པའི་གནས་ཚུལ།
Check Also
ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།
༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …