བོད་སྒར་ནང་གི་ འཐུང་ཆུའི་ལས་འགུལ་གྱིས་ འཐུང་ཆུ་མ་ལང་པའི་དཀའ་ངལ་ སེལ་ཚུགས་ནི།

༉ ཐིམ་ཕུག་བདེ་ཆེན་ཆོས་གླིང་དང་ འབྱུང་བཞི་ནང་ སྤམ་མཚོ་ རྟ་རྦབ་ དེ་ལས་ དབྱངས་ཅན་ཕུག་གི་ ས་གནས་ནང་ དུས་ཅི་གི་ལོ་ མཇུག་བསྡུ་ཁམས་ལས་ འཐུང་ཆུ་ལང་མ་ཚུགས་པའི་ དཀའ་ངལ་དེ་ སེལ་ཚུགས་ནི་ཨིན་རུང་ ལྕང་ཟམ་ཏོག་དང་ ཨོ་ལ་ཁའི་ས་གནས་ནང་གི་ མི་སེར་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
ལྕང་ཟམ་ཏོག་དང་ ཨ་ལོ་ཁའི་ ཁྱིམ་གྱི་ཇོ་བདག་མང་ཤོས་ཅིག་གིས་ ཁོང་རའི་ རང་དབང་གི་ ཆུ་རྐ་ཡོད་དེ་འབད་རུང་ གནམ་བྱཱར་ ཆརཔ་ཤུགས་སྦེ་རྐྱབ་སྟེ་ ག་ར་འདམ་པ་དང་ རག་རོ་ཚུ་གི་ བསུབས་དོ་ཡོདཔ་ལས་ འཐུང་ཆུ་ལང་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
ཁྱིམ་གྱི་ཇོ་བདག་མང་ཤོས་ཅིག་གིས་ ཁྲོམ་སྡེ་གི་ ཆུ་རྐ་ནང་ མཐུད་སྦྲེལ་འབད་དེ་ཡོདཔ་ཨིན་རུང་ ཐིམ་ཕུག་ལུ་ ཁྱིམ་གྱི་གྱངས་ཁ་ མང་ནི་དེ་གིས་ ལང་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
ཐིམ་ཕུག་ལྕང་ཟམ་ཏོག་ལུ་སྡོད་མི་ རིག་འཛིན་གྱིས་ འབད་བ་ཅིན་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཡོད་མི་ལུ་བརྟེན་ ཁྱིམ་གྱི་ཇོ་བདག་ཚུ་གིས་ དྲོ་པ་ཆུ་ཚོད་༡ དང་ ཉིན་མ་༡ དེ་ལས་ ཕྱི་རུ་ཆུ་ཚོད་༡ ལས་ ཆུ་གཏང་དོ་ཡོདཔ་བཞིན་དུ་ དེ་བསྒང་བཟེད་མ་ཚུགས་པ་ཅིན་ ཆུ་མི་འཐོབ་པས་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ ལོ་ངོ་༥ དེ་ཅིག་གི་ཧེ་མར་ མོ་སྡོད་སའི་སྡོད་ཁྱིམ་དེ་ནང་ དུས་ཡུན་ཆུ་ཚོད་༢༤ གི་རིང་ ཆུ་འོང་དོ་ཡོདཔ་ལས་ དཀའ་ངལ་མེད་ཟེར་ཨིན་པས།
ད་རེས་འབད་བའི་བསྒང་ལས་ ཆུ་བཏང་པའི་ དུས་ཚོད་དེ་ནང་ བཟེད་མ་ཚུགས་པ་ཅིན་ འཕྲལ་འཕྲལ་ར་ བཞེས་སྒོ་འབད་ནི་གི་ ཆུ་མེད་པར་ སྡོད་དགོཔ་བྱུངམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྕམ་ཟམ་ཏོག་ལས་ བདེ་ཆེན་གཡང་་འཛོམས་ཀྱིས་ འབད་བ་ཅིན་ མོ་གི་ཁྱིམ་ནང་ རང་དབང་གི་ ཆུ་རྐ་དང་ ཁྲོམ་སྡེའི་ ཆུ་རྐ་གཉིས་ཆ་ར་ཡོད་རུང་ ལང་མི་ཚུགས་པས་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ལྕང་ཟམ་ཏོག་གི་ ས་གནས་ནང་ རང་དབང་གི་ ཆུ་རྐ་ཅིག་ལས་ བཤལ་ནད་ཐོབ་ཡོད་པའི་ ལོ་རྒྱུས་གོ་བའི་ཤུལ་ལུ་ རང་དབང་གི་ ཆུ་རྐ་ནང་ལས་ ཆུ་བྱིན་ནི་དེ་ཡང་ ཉེན་སྲུང་དང་ ལྡན་ཏོག་ཏོ་ཅིག་ མིན་འདུག་ཟེར་ཨིན་པས།
མ་གཞི་ མོ་གི་སྒྲིང་ཁྱིམ་ནང་སྡོད་མི་ཚུ་ལུ་ དཀའ་ངལ་ག་ཅི་ཡང་ མ་བྱུང་རུང་ དེ་བཟུམ་འབྱུང་སྲིད་ནི་ཨིནམ་ལས་ ཚ་གྱང་ལང་དགོཔ་བྱུང་ཡི་ཟེར་སླབ་ཨིན་པས།
ཨོ་ལ་ཁའི་ ས་གནས་ཚུ་ནང་ཡང་ འཐུང་ཆུ་ལང་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ ལ་ལོ་ཅིག་གིས་ སྣུམ་འཁོར་ལམ་བདའ་སྟེ་ ཆུ་གཡུར་ནང་ཡོད་མི་ ཆུ་དུང་ཚུ་ ཁ་ཕྱེ་ཞིནམ་ལས་ ཆུ་བཟེད་དེ་ འཐུང་མི་ཡང་ ཡོདཔ་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ འབད་བ་ཅིན་ མི་ཚུ་གིས་ ཆུ་འཐོབ་ནི་ཡོད་པ་ཅིན་ཟེར་མནོ་སྟེ་ ཆུ་དུང་ཁ་ཕྱེ་སྟེ་ འཐུང་དོ་ཡོདཔ་ཨིན་རུང་ ཆུ་དེ་ ཧིང་སངས་ས་ཡོད་མེད་ བལྟ་དགོཔ་ཡང་ ཁག་ཆེ་ཟེར་ཨིན་པས།
ཆུ་དུང་དེ་ ཆུ་བཙོག་དྲགས་ཡོད་མི་ ཆུ་གཡུར་ནང་ལས་ཨིན་པ་ཅིན་ རང་གི་གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་ནིའི་ཉེན་ཁ་ཡོདཔ་ ཤེས་དགོ་ཟེར་ཨིན་པས།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ བཤད་མིའི་ནང་ བོད་སྒར་ནང་ལས་འཐེན་མི་ འཐུང་ཆུའི་ལས་འགུལ་དེ་ མཐར་འཁྱོལ་འབྱུང་བའི་ཤུལ་ལས་ ས་གནས་མང་ཤོས་ཅིག་ནང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་དེ་ སེལ་ཚུགས་ཟེར་ཨིན་པས།
ད་ལྟོ་ ལྕང་ཟམ་ཏོག་དང་ ཨོ་ལ་ཁའི་ ཆུ་རྐ་དེ་ ལྕམ་སྒང་ལས་ འཐེན་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *