བུམོ་ཅུང་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་མི་ བསྟན་སྲུང་དམག་མི་ཅིག་ འཛིན་བཟུང་འབད་ཡོདཔ།

༉ སྐྱེས་ལོ་༩ ལང་མི་ བུམོ་ཅུང་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་མི་ སྐྱེས་ལོ་༤༦ ལང་མི་ དཔལ་རི་ཐང་སྡེ་ཁག་༩ པའི་ བསྟན་སྲུང་དམག་མི་ཅིག་ གསར་སྤང་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
བསྟན་སྲུང་དམག་སྡེའི་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱ་ངན་དེའི་སྐོར་ལས་ ཤེས་རྟོགས་བྱུང་བའི་ཤུལ་ལུ་ དམག་མི་དེ་ ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཉེས་འཛུགས་ཅན་ལུ་ ཁྲིམས་འདུན་གྱིས་ ཉེས་ཁྲིམས་བཀལ་མིའི་གུ་ ད་རུང་ ཉེས་ཁྲིམས་སོ་སོར་སྦེ་ར་ ཕོག་ཟེར་ཨིན་པས།
ཨ་ལོ་༣ གྱི་ཨ་པ་ཨིན་མི་ དམག་མི་དེ་ སྤྱི་ཟླ་༥ པའི་ཚེས་༢༤ ལུ་ འཛིན་བཟུང་འབད་དེ་ དྲི་དཔྱད་འབད་བའི་སྐབས་ བྱ་ངན་འབད་བའི་ རྫུན་ཁ་བཟེད་ཡོད་རུང་ བུམོ་ཅུང་དེ་གི་མོ་མཚན་ནང་ མ་བཙུགས་ཟེར་ སླབ་ཡོདཔ་ཨིན་པས།
བྱ་ངན་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༢ ལུ་ ཉམས་རྒུད་པའི་ ཨའི་དང་གཅིག་ཁར་ ཞིང་ནང་འགྱོ་བའི་སྐབས་ལུ་ བྱུང་ཡོདཔ་ད་ ཨའི་གིས་སླབ་མིའི་ནང་ མོ་དང་ བུམོ་ཅུང་དེ་ ཕྱི་རུའི་ཆུ་ཚོད་༣ དེ་ཅིག་ཁར་ རྡོག་མའི་ལྕངམ་ བཙུགས་ནིའི་དོན་ལུ་ ཞིང་ནང་ ས་རྡོང་བརྐོ་བར་ སོང་ཡི་ཟེར་ཨིན་པས།
ང་ར་ ཞིང་ནང་ལཱ་འབད་སྡོད་པའི་སྐབས་ བུམོ་དེ་ རྩེདམོ་རྩེ་སྡོད་ཡོད་རུང་ ཡུདཔ་ཅིག་ལས་ མ་མཐོང་རུང་ ཆ་རོགས་གཞན་ཚུ་དང་གཅིག་ཁར་ རྩེདམོ་རྩེ་བར་ འགྱོ་འགྱོཝ་འདྲས་མནོ་སྟེ་ སྡོད་ཡི་ཟེར་ཨིནམ་ད་ བུམོ་ཅུང་དེ་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ཁར་ ཁྱིམ་ནང་འོངམ་ད་ བཞེས་སྒོ་དུམ་གྲ་ཅིག་ ཟ་བའི་ཤུལ་ལས་ ཉལ་ད་ཡི་ཟེར་ཨིན་པས།
དེ་གི་ནངས་པར་ བུམོ་ཅུང་དེ་ ཨ་རྟག་བཟུམ་སྦེ་ བཞེས་སྒོ་བཟའ་མ་ཚུགས་པའི་ཁར་ འབད་བཞག་ཡང་ མ་འདྲཝ་ཅིག་སྦེ་བཏོན་ཡོདཔ་ཨིན་པས།
ཨའི་གིས་ བུམོ་དེ་ལུ་ ཡང་བསྐྱར་དྲི་བའི་སྐབས་ མོ་མཚན་ནཝ་མས་ཟེར་ སླབ་པའི་ཤུལ་ལས་ ཨའི་གིས་ལྟཝ་ད་ སྦོ་ཡོདཔ་མ་ཚད་ རྨ་ཐོན་ཡོདཔ་སྦེ་མཐོངམ་ལས་ ནད་གཞི་ཐོབ་ཐོབ་འདྲས་མནོ་སྟེ་ རྨ་ཆུ་འཁྱུ་སྟེ་ སྨན་དབུར་བྱིན་ཡི་ཟེར་ཨིན་པས།
བུམོ་དེ་གིས་ དུས་ཡུན་སྐར་མ་༣༠ དེ་ཅིག་ ལམ་འགྱོ་དགོ་པའི་ས་ཁར་ཡོད་མི་ སློབ་གྲྭ་ནང་ འགྱོ་མ་ཚུགསཔ་ལས་ ཨའི་གིས་ ངལ་གསོ་ལེན་ཏེ་བཞག་ཡོདཔ་ད་ ཨའི་གིས་ དུས་རྒྱུན་དུ་ མོ་མཚན་འཁྱུ་སྟེ་འབད་རུང་ དྲག་ནི་མེད་ལས་ སྨན་ཁང་ནང་ འཁྱིད་ནི་འབད་བའི་སྐབས་ ཨའི་གིས་ ད་རུང་ཚར་གཅིག་ བུམོ་དེ་ལུ་ གསང་བཞགཔ་མེན་ན་ཟེར་ སླབ་པའི་སྐབས་ལུ་རྐྱངམ་གཅིག་ བུམོ་ཅུང་དེ་གིས་ མོ་དང་གཅིག་ཁར་ ཞིང་ནང་ལཱ་འབད་བར་འགྱོ་བའི་ཚེ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
བུམོ་ཅུང་དེ་གིས་ མོ་རའི་ཨའི་ ཞིང་ནང་ལཱ་འབད་སྡོད་པའི་སྐབས་ ཕོ་སྐྱེས་ཅིག་འོང་སྟེ་ ལགཔ་བཤེད་ཞིནམ་ལས་ ཞིང་གི་འོག་ལུ་ཁྱིད་སོང་ཞིནམ་ལས་ ཁ་བསུབས་ཏེ་ དབང་བཙོང་ལུས་འབྲེལ་འབད་ཡི་ཟེར་ སླབ་ཡོད་པའི་ཁར་ ཕོ་སྐྱེས་དེ་གིས་ མོ་ར་ ས་ཁོངས་དེ་ནང་ར་ བཀོག་བཞག་པའི་ཤུལ་ལས་ བདེ་སྐྱིད་གླིང་ལུ་ཡོད་མི་ དམག་སྡེའི་བགེགས་སྲུང་ནང་ འཛུལ་འགྱོ་སར་ མཐོང་ཡི་ཟེར་ སླབ་ཡོདཔ་ཨིན་པས།
ཨའི་གིས་སླབ་མིའི་ནང་ བུམོ་ཅུང་དེ་ ཨ་ལོ་ཆུང་ཀུ་ཨིནམ་ལས་ ལོ་རྒྱུས་ཚུ་གོཝ་ད་ སྔུ་ཡི་ཟེར་བཤད་པའི་ཁར་ བུམོ་དེ་གིས་འབད་བ་ཅིན་ ཨའི་གིས་ ཚོགས་བརྡ་གཏང་འོང་མནོ་སྟེ་ གསང་བཞག་ཡོདཔ་སྦེ་ སླབ་ཡོདཔ་ད་ སྨན་ཁང་ནང་ ཁྱིད་ལྟཝ་ད་ དབང་བཙོང་ལུས་འབྲེལ་འབད་ཡོདཔ་ ངེས་བདེན་ཐོན་ནུག།
སྨན་ཁང་གི་ མོ་ནད་མཁས་མཆོག་གིས་ སླབ་མིའི་ནང་ མོ་མཚན་ནང་བཙུགས་པའི་ རྟགས་མཚན་མེད་པའི་ཁར་ རྨ་སྐྱོན་ཡང་ མ་མཐོང་ཟེར་ཨིནམ་ད་ བུམོ་ཅུང་དེ་ སྨན་ཁང་ནང་འཁྱིད་འོང་ནི་ ཕྱིས་སོ་ནུག་ཟེར་ཨིན་པས།
གསང་སྤང་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དུས་ཚོད་ཁར་ སྙན་ཞུ་མ་འབད་རུང་ བུམོ་དེ་ལུ་ ལུས་འབྲེལ་འབད་བའི་སྐབས་ འཐོབ་ནི་ཡོད་པའི་ ལུས་འབྲེལ་ནད་གཞི་ཐོབ་ཡོད་པའི་ སྙན་ཞུ་འདུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བུམོ་གི་ནད་གཞི་དེ་ ཉེས་འཛུགས་ཅན་དང་གཅིག་ཁར་ ལུས་འབྲེལ་འབད་བའི་ཤུལ་ལས་ ཐོབ་མ་འཐོབ་བལྟ་ནིའི་དོན་ལུ་ གསོ་བའི་སྙན་ཞུ་ལུ་ སྒུག་སྟེ་ཡོད་ཟེར་ སླབ་ཨིན་པས།
བུམོ་གི་ཨའི་གིས་ སླབ་མིའི་ནང་ རྨ་ཚུ་དྲག་དོ་ཡོད་རུང་ མོ་ར་ སློབ་གྲྭ་ནང་འགྱོཝ་ད་ བགེགས་སྲུང་གི་ སྦོ་ལོགས་ཁར་ལས་ འགྱོ་དགོ་ནི་དེ་གིས་ འདྲོག་བྱེལ་འཐབ་པའི་ཁར་ ནུབ་མོ་ཞག་ཉལཝ་ད་ཡང་ ཚབ་འཚུབས་འབད་ནི་འདུག་ཟེར་ཨིནམ་ད་ བུམོ་དེ་ སོ་ནམ་པ་ཨིན་མི་ མོ་རའི་ཕམ་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *