སྤ་རོ་ ཨེཕ་སི་དང་ ཐིམ་ཕུག་སི་ཊི་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

བསྐོར་ཐེངས་དང་པའི་ནང་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༉ སྤ་རོ་ ཨེཕ་སི་སྡེ་ཚན་གྱིས་ བསྐོར་ཐེངས་དང་པའི་ནང་ སྐུགས་༢༥ ཐོབ་སྟེ་ ཨང་དང་པ་ཐོན་པའི་སྐབས་ ན་ཧིང་ ཨང་དང་པ་ཐོན་མི་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༢༣ ཐོབ་སྟེ་ ཨང་༢ པ་ཐོན་ནུག།

དེ་ཡང་ སྤ་རོ་ཨེཕ་སི་གིས་ སྡེ་ཚན་༩ དང་གཅིག་ཁར་ རྩེད་འགྲན་འབདཝ་ད་ སྡེ་ཚན་༨ ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་རུང་ སྡེ་ཚན་༡ དང་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ཡོད་མི་དེ་ ཨང་༢ པ་ཐོན་མི་ ཐིམ་ཕུག་སི་ཊི་སྡེ་ཚན་ཨིན་པས།

དེ་འབདཝ་ད་ ཐིམ་ཕུག་སི་ཊི་གིས་ བྱང་ཕྱད་སྡེ་ཚན་༧ ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ སྤ་རོ་ཨེཕ་སི་དང་ ཨྱོན་རིག་པའི་འབྱུང་གནས་སྡེ་ཚན་༢ དང་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ སྐུགས་༢ ཀྱིས་ སྤ་རོ་ཨེཕ་སི་དང་ དོ་འགྲན་འབད་མ་ཚུགསཔ་ཨིན་པས།

ཊཱནསི་པོརཊ་ ཡུ་ནའེ་ཊེཊ་སྡེ་ཚན་གྱིས་ སྐུགས་༡༨ ཐོབ་སྟེ་ ཨང་༣ པ་ཐོན་ཡོདཔ་ད་ ཧའེ་ཀོ་ལི་ཊི་གིས་ སྐུགས་༡༦ ཐོབ་སྟེ་ ཨང་༤ པ་ ཐོན་ཡོདཔ་ཨིན་པས།

འབྲུག་ལྷ་ཡུལ་སྡེ་ཚན་གྱིས་ སྐུགས་༡༣ ཐོབ་སྟེ་ ཨང་༥ པའི་ནང་ལྷོད་ཡོདཔ་ད་ འབྲུག་ལྷ་ཡུལ་སྡེ་ཚན་དེ་ བྷུ་ཊཱན་པི་རི་མི་ཡར་ ལིག་རྩེད་འགྲན་ནང་ སྡེ་ཚན་གསརཔ་སྦེ་ གྲལ་གཏོགས་འབད་མི་༤ ལས་༡ ཨིནམ་ད་ སྡེ་ཚན་རྙིངམ་ ཨྱོན་རིག་པའི་འབྱུང་གནས་དང་ བསྟན་འཛིན་སྡེ་ཚན་༢ ཀྱི་ལྟག་ལས་ ཐོན་ཏེ་འདུག།

གཞན་དལ་གཞི་ སྤྱི་ཟླ་༧ པའི་ཚེས་༢༥ ལུ་ ཊཱནསི་པོརཊ་ ཡུ་ནའེ་ཊེཊ་གིས་ འབྲུག་ལྷ་ཡུལ་ཕམ་བཏང་སྟེ་ སྐུགས་༢༣ འཐོབ་ནི་ཨིན་རུང་ འབྲུག་ལྷ་ཡུལ་གྱིས་ གཱོལ་༡ བཙུགས་ཏེ་ ཕམ་སོ་མི་ལུ་བརྟེན་ སྐུགས་༡༨ ལས་བརྒལ་ཐོབ་མ་ཚུགསཔ་ཨིན་པས།

སྤ་རོ་ཨེཕ་སི་ལས་ ཡེ་ཤེས་རྡོ་རྗེ་གིས་ སྐོར་ཐེངས་དང་པའི་ རྩེད་འགྲན་མཇུག་བསྡུཝ་ད་ གཱོལ་༡༥ བཙུགས་མི་དེ་ མཐོ་ཤོས་ཅིག་ཨིན་པས།

བསྟན་སྲུང་དང་ དགེ་ལེགས་ཕུག་སྡེ་ཚན་༢ ཀྱི་བར་ན་ བསྐོར་ཐེངས་དང་པའི་ རྩེད་འགྲན་མཇུག་འབདཝ་ད་ བསྟན་སྲུང་གིས་ རྒྱལ་ཁ་ཐོབ་ཡོདཔ་ལས་ སྐུགས་༩ ཐོབ་སྟེ་ ཨང་༧ པའི་ནང་ལྷོད་ཡོདཔ་ད་ དགེ་ལེགས་ཕུག་གིས་ སྡེ་ཚན་༡ ལས་ཡང་ རྒྱལ་ཁ་ཐོབ་མ་ཚུགསཔ་ལས་ སྐུགས་༡ ཡང་ཐོབ་མ་ཚུགསཔ་ཨིན་པས།

ལིག་བསྐོར་ཐེངས་དང་པ་ རྩེད་འགྲན་འབད་ཚརཝ་ད་ རྩེད་འགྲན་༩༠ འབད་ཡོདཔ་ཨིན་པས།

འབྲུག་ཕུཊ་བཱོལ་ཚོགས་སྡེ་ལས་ འགྲན་བསྡུར་འགོ་འདྲེན་འགོ་དཔོན་ ཕུར་པ་ ཝའེ་དྲ་གིས་ སླབ་མིའི་ནང་ ལིག་བསྐོར་ཐེངས་༢ པ་དེ་ སྤྱི་ཟླ་༧ པའི་ཚེས་༣༡ ལུ་ སྤ་རོ་ཨེཕ་སི་དང་ སྤ་རོ་རིན་སྤུངས་སྡེ་ཚན་༢ ཀྱི་བར་ན་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *