སྤོག་འགྱོ་མི་ བསམ་རྩེ་དང་ བརྟན་འབྲེག་བར་ནའི་གཞུང་ལམ།

བསམ༌རྩེ༌དང༌ བརྟན་འབྲུག༌བར༌ནའི༌ གཞུང་ལམ༌ལེགས༌ཤོམ༌མེད་པའི་དཀའ༌ངལ།

བསམ་རྩེ་རྫོང་ཁག་གི་ བརྟན་འབྲུག་དང་ རྒེད་འོག་གཞན་ཚུ་ མཐུད་སྦྲེལ་འབད་མི་ ཀི་ལོ་མི་ཊར་༢༤ འབད་མི་ ཟུར་ལམ་དེ་ ས་གནས་ཐདམ་ཐད་ཁར་ དོང་ཐོན་ཏེ་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ སེམས་དང་མ་ལྡན་པར་ཡོདཔ་ཨིན་པས།

མ་གཞི་ བསམ་རྩེ་ཁྲོམ་ལས་ བརྟན་འབྲུག་ཚུན་ སྣུམ་འཁོར་ནང་ རྒྱུན་འགྲུལ་འཐབ་པའི་སྐབས་ དུས་ཡུན་སྐར་མ་༣༠ དང་༤༥ དེ་ཅིག་ལས་བརྒལ་ མ་འགོར་མི་དེ་ ད་རེས་ ལམ་མེདཔ་ཐལ་ནི་དེ་གིས་ ཆུ་ཚོད་ལྷགཔ་ཅིག་འགོར་དོ་ཡོདཔ་ཨིན་པས།

བརྟན་འབྲུག་ལུ་ ཚོང་རྐྱབ་སྡོད་མི་ ཀི་ཤོར་གུ་རུང་གིས་ སླབ་མིའི་ནང་ མ་གཞི་ལམ་དེ་ རྩི་ནག་བཏང་སྟེ་ དུས་ཅི་འབདཝ་ད་ ལོ་༣ ལས་བརྒལ་མ་སོང་རུང་ ད་ལྟོ་ལས་ རྩི་ནག་ཚུ་ སྤོག་འགྱོ་ནི་འགོ་བཙུགས་ཏེ་ དོང་ཐོན་དོ་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ དེ་བཟུམ་གྱི་གནས་སྟངས་དེ་ བརྟན་འབྲུག་ཁྲོམ་ནང་ཡང་ཡོདཔ་ལས་ འཕྲལ་ཁམས་ཅིག་ཁར་ ལམ་ཁར་རྡོ་རུག་ཚུ་བླུགས་ཏེ་ དོང་བསུབས་ཅི་ཟེར་ཨིནམ་ད་ ལམ་ཉམས་བཅོས་ཀྱི་སྐོར་ལས་ ལམ་སེལ་ལས་ཁུངས་ལུ་ སྙན་ཞུ་འབད་རུང་ འདས་པའི་ལོ་༢ ཀྱི་ནང་འཁོད་ནང་ ག་ནི་ཡང་འབད་མ་བཏུབ་ཟེར་ཨིན་པས།

འདས་པའི་ལོ་༢ དེ་ཅིག་གི་ནང་ བཀྲིས་ཆོས་གླིང་ལས་ བརྟན་འབྲུག་ཚུན་ ཀི་ལོ་མི་ཊར་༤ འབད་མི་ ལམ་དེ་རྩི་ནག་བཏང་མི་དེ་ཡང་ ད་རེས་ནངས་པར་ དོང་ཐོན་ནི་འགོ་བཙུགས་ཅི་ཟེར་ ཁྲོམ་ཁར་སྡོད་མི་ བསྟན་འཛིན་རྣམ་རྒྱལ་གྱིས་ སླབ་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ མ་གཞི་ གཞུང་གིས་ ལོ་བསྟར་བཞིན་དུ་ ལམ་ཀི་ལོ་མི་ཊར་༥ དེ་ཅིག་ རྩི་ནག་གཏང་ནི་ཟེར་མི་དེ་ འདས་པའི་ལོ་༢༠༡༦ དང་༢༠༡༧ ལུ་ རྩི་ནག་མ་གཏང་ཟེར་ཨིནམ་ད་ ད་རེས་ ལམ་ལེགས་ཤོམ་མེདཔ་ལས་ སྣུམ་འཁོར་ཡང་ མེདཔ་ཐལཝ་མས་ཟེར་ཨིན་པས།

འཕྲལ་ཁམས་ཅིག་ཁར་ ཨ་ལོ་སྐྱེ་ནི་ཡོད་མི་ཨམ་སྲུ་ཅིག་ བསམ་རྩེ་རྫོང་ཁག་སྨན་ཁང་ནང་ འགྱོ་བའི་སྐབས་ ལམ་ལེགས་ཤོམ་མེདཔ་ལས་ ལཱ་ཁག་བཏང་ཡོད་པའི་ལོ་རྒྱུས་ཡོདཔ་ད་ གནད་དོན་དེ་ཚུའི་སྐོར་ལས་ བཀྲིས་ཆོས་གླིང་དྲུང་ཁག་ བདག་སྐྱོང་དང་གཅིག་ཁར་ཡང་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།

བརྟན་འབྲུག་རྒེད་འོག་ཚོགས་པ་ ཊེག་བྷ་དུར་ གུ་རུང་གིས་ སླབ་མིའི་ནང་ མ་གཞི་ ལམ་དེ་ཉམས་བཅོས་འབད་ནི་ཟེར་སླབ་རུང་ ད་ཚུན་ ག་ནི་ཡང་མ་འབད་ཟེར་ཨིནམ་ད་ ས་གནས་ལ་ལོ་ཅིག་ནང་ ཟུར་ལམ་གྱི་གནས་ཚད་དེ་ སོ་ནམ་ཞིང་ལམ་བཟུམ་ཅིག་ལུ་ གྱུར་སོ་ཡི་ཟེར་ཨིན་པས།

བརྟན་འབྲུག་རྒཔོ་ ཉི་མ་གྲགས་པ་གིས་ སླབ་མིའི་ནང་ ལམ་ཀི་ལོ་མི་ཊར་༣ རྩི་ནག་བཏང་བའི་ཤུལ་ལས་ དེ་མཚམས་ཅིག་སྦེ་ར་ བཀོག་བཞག་ཡོདཔ་ཨིན་རུང་ གཞུང་གི་འཆར་གཞི་དང་འཁྲིལ་བ་ཅིན་ ཀི་ལོ་མི་ཊར་༦ རྩི་ནག་གཏང་ནིའི་དོན་ལུ་ མ་དངུལ་ཆ་འཇོག་གྲུབ་ཡོད་པའི་ལོ་རྒྱུས་གོ་རུང༌ ལྷག༌ལུས༌ དེ༌ ག༌དེ༌སྦེ༌ འབད༌ནི༌ཨིན༌ན༌ མི༌ ཤེས༌ཟེར༌ཨིན༌པས།

ལམ༌སེལ༌ལས༌ཁུངས༌ལས༌ བཟོ༌རིག༌འགོ༌དཔོན༌ ཨི༌ཨེན༌ཆེ༌ ཏི༌རི༌གིས༌ སླབ༌མིའི༌ནང༌ ལམ༌རྩི༌ནག༌གཏང༌ནིའི༌དོན༌ལུ༌ མ༌དངུལ༌དགོཔ༌སྦེ༌ གྲོས༌གཞི༌ བཙུགས༌མི༌དེ༌ གནང༌བ༌མ༌གནང༌ ཟེར༌ ཨིནམ༌ད༌ ད༌རེས༌ཀྱི༌ཟུར༌ ལམ༌དེ༌ རྒྱལ༌ཡོངས༌ཀྱི༌ གཞུང༌ལམ༌གྱི༌གྲངས༌སུ༌ཚུད༌ནི༌དེ༌གིས༌ ཀི༌ ལོ༌མི༌ཊར༌༢༤ འབད༌མི༌ ལམ༌དེ༌ སེལ༌ཚུགས༌ཅི༌ཟེར༌ ཨིན༌པའི༌ གནས༌ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *