ཏིར་ཐ་མཱན་རའེ་(གཡས་ཁ་ཐུག་)

བསམ་རྩེའི་དོན་ལུ་ ཏིར་ཐ་མཱན་རའེ་ བཙག་འཐུ་འགྲུབ་ནིའི་འོས་འབབ་ ཧེ་མ་ལས་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་མཇུག་བསྡུ་བའི་ཤུལ་ལས་ རྗེས་དཔྱད་འབད་ལྟཝ་ད་ རྫོང་ཁག་དེ་ནང་ལས་ འདེམས་ངོ་༩ གིས་ བཅའ་མར་གཏོགས་མིའི་གྲས་ལས་ གྲོང་གསེབ་དང་ཁྲོམ་སྡེ་༢ ཆ་ར་གིས་ བཙག་འཐུ་གྲུབ་མི་ ཏིར་ཐ་མཱན་ རའེ་ལུ་ར་ མི་སེར་ཚུ་གིས་ གདམ་ཁ་རྐྱབ་ཡོད་པའི་ ཤེས་རྟོགས་བྱུང་ནུག།
སྐྱེས་ལོ་༣༡ ལང་མི་ གདུང་སྟོད་རྒེད་འོག་ལས་ཨིན་མི་ སློབ་དཔོན་བགྲེསཔ་གིས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༥,༢༧༧ ཐོབ་ཡོད་པའི་ཁར་ འགྲེམ་ཐོག་ཚོགས་རྒྱན་༩༦༦ ཐོབ་སྟེ་ འགྲེམ་ཐོག་དང་ འཕྲུལ་ཆས་གཉིས་ཆ་ར་ལས་ མཐོ་ཤོས་ཐོབ་ནི་དེ་གིས་ རྫོང་ཁག་ནང་ལས་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
ཁོ་གིས་ ཁོ་རའི་རྒེད་འོག་ནང་ལས་ འཕྲུལ་ཆས་ཚོགས་རྒྱན་ཐོག་ལས་ ཚོགས་རྒྱན་བཙུགས་མི་༨༨༠ ལས་༦༧༧ ཐོབ་ཡོད་མི་དེ་ བརྒྱ་ཆ་ལས་བཅད་པ་ཅིན་༧༧ གྱི་རྩིས་ཨིནམ་ད་ ཁོ་གིས་ རྡོ་རོ་ཁ་རྒེད་འོག་ནང་ལས་ འཕྲུལ་ཆས་ཐོག་བཙུགས་མི་ཚོགས་རྒྱན་བསྡོམས་༩༥༣ ཐོན་མི་དེ་ཡང་ མཐོ་ཤོས་ཨིན་པས།
ཨིན་རུང་ རྒེད་འོག་དེ་གི་འདེམས་ངོ་ ཅ་ཏ་ར་པ་ཏི་ ཕུ་ཡེལ་གྱིས་ འཕྲུལ་ཆས་ཀྱི་ ཚོགས་རྒྱན་བཙུགས་མི་༣༡༩ ཐོབ་མི་དེ་ མཐོ་ཤོས་ཨང་གཉིས་པ་ཨིན་པའི་ཁར་ ཁོ་གིས་ ཚོགས་སྡེའི་དོན་ལུ་ དུས་ཅི་འབདཝ་ད་ ཐེངས་གཉིས་པ་ དོ་འགྲན་འབད་ཡོདཔ་ཨིན་པས།
ལྡན་ཆུ་ཁ་རྒེད་ནང་ལས་ཡང་ ཏིར་ཐ་ མཱན་རའི་གིས་ ཚོགས་རྒྱན་མཐོ་ཤོས་ཐོབ་ཡོདཔ་ད་ རྒེད་འོག་དེ་ནང་ལས་ འདེམས་ངོ་མེད་པའི་ཁར་ ཁོ་གིས་ སློབ་དཔོན་ནང་ལས་ དགོངས་ཞུ་འབད་བའི་ཤུལ་ལས་ སོ་ནམ་པ་སྦེ་ སྡོད་ཡོདཔ་ཨིན་པས།
འདེམས་ངོ་མེད་མི་ རྒེད་འོག་བདུན་ནང་ལས་ འདེམས་ངོ་ག་ར་ལུ་ ཚོགས་རྒྱན་ཧ་ལམ་ འདྲན་འདྲ་སྦེ་ར་ བགོ་བཤའ་རྐྱབ་ཡོད་རུང་ ཏིར་ཐ་མཱན་རའེ་གི་བྱང་ཕྱད་ པདྨ་གླིང་རྒེད་འོག་གི་འདེམས་ངོ་ སློབ་དཔོན་བགྲེསཔ་ ཌི་ ཀེ་ ག་ལེ་གིས་ཡང་ ཚོགས་རྒྱན་བསྡོམས་༤,༨༢༩ ཐོབ་ཡོདཔ་ད་ ཁོ་གིས་ ཁོ་རའི་རྒེད་འོག་ནང་ལས་ ཚོགས་རྒྱན་བསྡོམས་༡,༦༧༢ ཡོད་ས་ལས་༩༥༠ ཐོབ་ཡོདཔ་ཨིན་པས།
ཏིར་ཐ་མཱན་རའི་གིས་ རྡོ་རོ་ཁ་རྒེད་འོག་གི་འདེམས་ངོ་ཡོད་རུང་ ཁོ་གིས་ཚོགས་རྒྱན་མཐོ་ཤོས་ཐོབ་ཡོད་རུང་ རྒེད་འོག་གཞན་ཚུ་གིས་ ཚོགས་རྒྱན་མང་ཤོས་ར་ ཁོང་གི་འདེམས་ངོ་ཚུ་ལུ་ བཙུགས་ཡོདཔ་ཨིན་པས།
ཏིར་ཐ་མཱན་རའི་གིས་ ཀུན་གསལ་གྱིས་ དྲི་བཀོད་དོན་ལུ་ བརྒྱུད་འཕྲིན་ག་དེ་ཅིག་བཏང་རུང་ ལན་རྐྱབ་མ་བཏུབ་རུང་ ཁོ་རའི་རྒྱབ་སྐྱོར་པ་ཨིན་མི་ སིབ་སུ་ལས་ཨིན་མི་ཅིག་གིས་བཤད་མིའི་ནང་ ཁོ་ར་ བཙག་འཐུ་འགོ་བཙུགས་པའི་སྐབས་ལས་ར་ མི་ཚུ་གིས་ རྒྱབ་སྐྱོར་འབད་ཡོདཔ་ལས་ གདམ་ཁ་འགྲུབ་ནི་ར་ཨིན་ཟེར་ཨིན་པས།
ཏིར་ཐ་མཱན་རའེ་གིས་ ཧེ་མ་ལས་ དོ་འགྲན་ནང་བཅའ་མར་གཏོགས་ནིའི་ རེ་བ་ཡོད་པའི་ཁར་ ཁོ་གི་ལྟ་བ་དང་འཁྲིལཝ་ད་ རྒྱལ་ཡོངས་ཀྱི་གཅིག་སྒྲིལ་དོན་ལུ་ སྲིད་བྱུས་ཀྱི་གནས་ཚད་ནང་ བཅའ་མར་གཏོགས་ནི་ཟེར་ཡོད་པའི་ཁར་ རྒྱལ་ཁབ་སྒྲིང་སྒྲི་བཞག་ཐབས་ལུ་ དཔལ་འབྱོར་དང་དམངས་གཙོའི་རིང་ལུགས་ ལམ་སྲོལ་ཚུ་ནང་ལས་བལྟ་ནི་ཟེར་ བཀོད་དེ་ཡོདཔ་ཨིན་པས།
བསམ་རྩེ་རྫོང་ཁག་ནང་ལས་ ཚོགས་སྡེའི་བཙག་འཐུ་འབད་བའི་སྐབས་ ཁྱད་ཚད་ལྡན་མི་༤༦,༧༨༡ ཡོད་ས་ལས་༢༤,༩༤༧ རྐྱངམ་གཅིག་གིས་ ཚོགས་རྒྱན་ནང་ བཅའ་མར་གཏོགས་ཡོད་མི་དེ་ བརྒྱ་ཆ་ལས་བཅད་པ་ཅིན་༥༣.༣ ཨིན་མི་ལས་ རྫོང་ཁག་ག་ར་ལས་ མཐོ་ཤོས་ཨིན་པས།
ཚོགས་རྒྱན་བསྡོམས་དེ་ཡང་ འཕྲུལ་ཆས་ཐོག་ལས་༢༠,༥༠༣ དང་ འགྲེམས་ཐོག་ལས་༤,༤༤༤ བཙུགས་མི་ཚུ་བརྩིས་ཏེ་ཨིནམ་དང་ རྫོང་ཁག་གིས་ འགྲེམ་ཐོག་བསྡོམས་ཀྱིས་༤༦༥༩ ཐོབ་ཡོད་མི་ལས་༡༧༧ ཆ་མེད་སོང་ཡོད་པའི་ཁར་༣༨ འོས་འབབ་མེད་པའི་གྲས་ཁར་ཐོན་ཡོད་ད་ རྫོང་ཁག་གི་འཐུས་མི་བགྲེསཔ་ སངས་རྒྱས་མཁའ་འགྲོ་གིས་ དོ་འགྲན་ནང་ ལོག་བཅའ་མར་མ་གཏོགས་པར་ སྡོད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *