བསམ་རྩེ་ལུ་ ཚད་ནད་ཌེང་གི་ དར་ཁྱབ་སོང་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༢༣ ལུ་ གསོ་བའི་འགོ་དཔོན་ཚུ་གིས་ བསམ་རྩེ་ལུ་ ཚད་པའི་ནད་གཞི་ ཌེང་གི་ཐོབ་ཡོད་པའི་ མངོན་རྟགས་བྱུང་མི་ལས་ཚུར་ ཁ་ཙ་ཚུན་ཚོད་ བསམ་རྩེ་སྨན་ཁང་ནང་ མི་ངོ་༢༡ གིས་ ནད་གཞི་ཐོབ་ཡོད་པའི་ ཐོ་བཀོད་འབད་ནུག།
ད་རེས་ནངས་པར་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ནད་གཞི་དར་ཁྱབ་ འགྱོ་ནི་ལས་ བཀག་ཐབས་འབད་ནི་ལུ་ ལཱ་ཚུ་འབད་བའི་ཡོདཔ་བཞིན་དུ་ གསོ་བའི་བློན་པོ་གིས་ གསོ་བའི་ལམ་སྟོན་ གནང་མི་དང་འཁྲིལ་ཏེ་ ནད་གཞི་བཀག་ནིའི་ ཐབས་ཤེས་ཚུ་ བཏོན་ཏེ་ཡོད་ཟེར་ བསམ་རྩེ་གསོ་བའི་འགོ་དཔོན་ལས་རོགསཔ་ འཕྲིན་ལས་ཆོས་སྒྲོན་གྱིས་ བཤདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ ཀུན་གསལ་ལུ་ བཤད་མིའི་ནང་ བརྡ་དོན་སྤྲོད་ལེན་གྱི་ གོ་བརྡ་ལས་རིམ་དང་ ནད་འབུབ་ལྟ་རྟོག་འབད་ཡོདཔ་མ་ཚད་ ནད་གཞི་སྤེལ་བའི་ ས་ཁོངས་ཚུ་ཡང་ མེདཔ་བཏང་ཡི་ཟེར་ཨིནམ་ད་ སྡེ་ཚན་དེ་གིས་ ནད་གཞི་བཀག་ཐབས་ཀྱི་ ལཱ་ཚུ་འབད་དོ་ཡོདཔ་ལས་ མི་ཚུ་གིས་ ཚ་གྱང་ལང་དགོཔ་ཅིག་མེད་ཟེར་ བཤདཔ་ཨིན་པས།
འཕྲིན་ལས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ དྲོད་འབར་དང་ ནད་འབུབ་ལྟ་རྟོག་འབད་དོ་ཡོདཔ་ལས་ ད་ཚུན་གྱི་བར་ན་ དཀའ་ངལ་སྦོམ་དང་ ཤི་རྐྱེན་ག་ཡང་ མ་བྱུང་ཟེར་ཨིན་པས།
སྨན་ཁང་གིས་ ཚད་པའི་ནད་གཞི་ འཐོབ་ནི་གི་ དོགས་པ་ཡོད་མི་ག་ར་ ཌེང་གི་བརྟག་དཔྱད་འབད་དོ་ཡོད་པའི་ཁར་ སྨན་ཁང་ནང་ ནད་གཞི་བརྟག་དཔྱད་མཁོ་ཆས་ཚུ་ ལངམ་སྦེ་ར་ཡོདཔ་ཨིན་པས།
ནད་གཞི་དེ་ཡང་ གཟན་དོམ་གྱིས་ སོ་བཏབ་མི་ལུ་བརྟེན་ ཐོབ་དོ་ཡོདཔ་བཞིན་དུ་ ནད་གཞི་ཐོབ་ཡོད་པའི་ ནད་རྟགས་དེ་ཡང་ དྲོད་འབར་ནི་དང་ མགུ་ཏོ་ན་ནི་ ཁ་ལས་སྐྱུགས་ནི་ རྐང་ཚིགས་ལག་ཚིགས་ཚུ་ ན་དོ་ཡོདཔ་མ་ཚད་ ནད་གཞི་དེ་ཐོབ་སྟེ་ ཉིན་གྲངས་༣ དང་༡༤ ནང་འཁོད་ལུ་ གཟུགས་ཁར་སྤོ་རོ་ཐོན་དོ་ཡོདཔ་ཨིན་པས།
ནད་གཞི་དེ་ཡང་ མང་ཤོས་ར་ ས་མཚམས་ཀྱི་ ས་ཁོངས་ཚུ་ནང་ ཐོན་དོ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *