བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་སྡེའི་སྡོད་ཁྱིམ།

བསམ་གྲུབ་ལྗོངས་མཁར་ལུ་ མི་སྡེ་ནང་ལས་ ཀོ་བིཌ་-༡༩ ཐོབ་མི་དང་པ་ཐོན་ཡོདཔ།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ལུ་ ཁྲིམས་སྲུང་འགག་སྡེའི་ སྡོད་ཁྱིམ་ས་ཁོངས་ནང་ལས་ སྐྱེས་ལོ་༣༦ ལང་མི་ ཨམ་སྲུ་ཅིག་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ད་ ཨམ་སྲུ་དེ ད་རིས་ མོང་སྒར་རྐྱང་གནས་ལྟེ་བའི་ནང་ གཏང་ནི་ཨིན་པས།

ནདཔ་ཨམ་སྲུ་དེ་ ཁྲིམས་སྲུང་འགག་པ་ཅིག་གི་ གནས་ཚང་ཨིན་པའི་ཁར་ མོ་ར་ བཀྲིས་དངུལ་ཁང་ནང་ སྲུང་རྒྱབཔ་སྦེ་ ལཱ་འབད་དོ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་ ན་མི་ལུ་བརྟེན་ བདུན་ཕྲག་༡ དེ་ཅིག་ སྒྲིག་གཡོག་ནང འགྱོ་མ་ཚུགས་པར་ སྡོད་ཡོདཔ་ཨིན་པས།

ཁ་ཙ་ དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ དབུགས་གཏོང་ལེན་འབད་ནི་ལུ་ དཀའ་ངལ་བྱུངམ་ལས་ སྨན་ཁང་ནང་ སོང་ཡོདཔ་བཞིན་དུ་ གསོ་བའི་འགོ་དཔོན་ཚུ་གིས་ དཔེ་ཚད་ལེན་ཞིནམ་ལས་ ཨར་ཊི་-པི་སི་ཨར་བརྟག་དཔྱད་འབད་བའི་སྐབས་ ནད་གཞི་ཐོབ་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ཨིན་པས།

གསོ་བའི་འགོ་དཔོན་ཚུ་གིས་ ཨམ་སྲུ་དེ་དང་ ཐད་ཁར་དུ་ འབྲེལ་བ་ཡོད་མི་༡༧ དེ་ཅིག་ལས་ ཨར་ཊི་-པི་སི་ཨར་བརྟག་དཔྱད་ཀྱི་དོན་ལུ་ དཔེ་ཚད་ལེན་ཏེ་ བཏང་ཡོདཔ་བཞིན་དུ་ ཐད་ཀར་མེན་པའི་ འབྲེལ་བ་ཡོད་མི་༥༡ དེ་ཅིག་ལུ་ ཨེན་ཊི་ཇཱན་བརྟག་དཔྱད་འབད་ཡོདཔ་ད་ ཐད་ཀར་འབྲེལ་བ་ཡོད་མི་ཚུ་ ཟུར་བཞག་ལྟེ་བའི་ནང་དང་ གཞན་མི་ཚུ་ ཁྱིམ་ནང་སྦེ་ ཟུར་བཞག་འབད་བཅུག་ཡོདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་ལུ་ འགྲོ་འགྲུལ་བཀག་དམ་དེ་ ཨམ་སྲུ་དེ་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་བ་ཡོད་མི་ཚུ་གི་ ཨར་ཊི་-པི་སི་ཨར་གྲུབ་འབྲས་ཚུ་ལུ་ རག་ལས་ནི་ཨིན་པས།

ཁྲོམ་སྡེའི་ནང་ སྡོད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨམ་སྲུ་དེ་ འདས་པའི་ཟླཝ་དག་པ་ཅིག་ནང་ ག་ཏེ་ཡང་ འགྲོ་འགྲུལ་འབད་ཡོད་པའི་ ལོ་རྒྱུས་ག་ནི་ཡང་མེདཔ་ལས་ ནད་གཞི་དེ་ ག་དེ་སྦེ་ ཐོབ་ཡོདཔ་ཨིན་ན་ ཚ་གྱང་ཡོདཔ་བཞིན་དུ་ ནད་ཡམས་དེ་ལུ་ ག་ཅི་ཡང་ སླབ་མི་ཤེས་དོ་ཡོདཔ་ལས་ མི་ཚུ་གིས་ གསོ་བའི་ལམ་སྟོན་ཚུ་ ལག་ལེན་འཐབ་དགོཔ་སྦེ་ ཁག་ཆེ་བས་ཟེར་ཨིན་པས།

གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ ཨམ་སྲུ་དེ་གི་ རྨགཔ་དེ་ སྤྱི་ཟླ་༤ པའི་ཚེས་༧ ལུ་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་བཅོ་བར་ སོང་ཞིནམ་ལས་ སྤྱི་ཚེས་༡༢ ལུ་ ལོག་འོང་ཡོདཔ་ད་ རྨགཔ་དེ་ ལྟ་རྟོག་འོག་ལུ་ བཞག་ཡོདཔ་བཞིན་དུ་ སྤྱི་ཚེས་༡༨ ལུ་ ཨར་ཊི་-པི་སི་ཨར་བརྟག་དཔྱད་འབད་བའི་སྐབས་ ནད་རྟགས་མེདཔ་སྦེ་ ཐོན་ཡོདཔ་ཨིན་པས།

ད་རུང་ རྨགཔ་དེ་ བརྟག་དཔྱད་འབད་བའི་སྐབས་ ཨེན་ཊི་ཇཱན་དང་ ཨར་ཊི་-པི་སི་ཨར་༢ ཆ་རའི་ནང་ ནད་རྟགས་མེདཔ་སྦེ་ ཐོན་ཡོདཔ་བཞིན་དུ་ ཨམ་སྲུ་དེ་ལུ་ ནད་གཞི་དེ་ ག་ཏེ་ལས་ ཐོབ་ཡོདཔ་ཨིན་ན་ ཞིབ་དཔྱད་མཐིལ་ཕྱིན་འབད་རུང་ ཤེས་རྟོགས་བྱུང་མ་ཚུགསཔ་ལས་ ཨམ་སྲུ་དེ་ རྨགཔ་དང་གཅིག་ཁར་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ རྐྱང་ཟུར་སྦེ་ བཞག་ཡོདཔ་ཨིན་པས།

དེ་དང་འདྲཝ་སྦེ་ བསམ་གྲུབ་ལྗོངས་མཁར་འབྲིང་རིམ་སློབ་གྲྭ་བར་མའི་ནང་ ཨམ་སྲུ་དེ་གི་ བུམོ་དང་གཅིག་ཁར་ སློབ་རིམ་༧ པའི་ནང་ དཔེ་ཆ་ལྷབ་མི་ སློབ་ཕྲུག་དང་ སློབ་དཔོན་ཚུ་ ཁྱིམ་ནང་སྦེ་ ཟུར་བཞག་འབད་བཅུག་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *