དུས་ཅི་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ སི་སི་ཊི་བི་པར་ཆས་༡༡ བཙུགས་ཡོདཔ་ཨིན་མས།

བསམ་གྲུབ་ལྗོངས་མཁར་ལུ་ སི་སི་ཊི་བི་པར་ཆས་༣༠ དེ་ཅིག་ བཙུགས་ནིའི་འཆར་གཞི།

༉ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་གིས་ བསམ་གྲུབ་ལྗོངས་མཁར་ཁྲོམ་དང་ བདེ་བ་ཐང་ལུ་ སི་སི་ཊི་བི་པར་ཆས་གསརཔ་ ༣༠ དེ་ཅིག་ བཙུགས་ནིའི་འཆར་གཞི་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ནང་ ཁྲོམ་སྡེ་གིས་ བསམ་གྲུབ་ལྗོང་མཁར་ཁྲོམ་ལྟེ་བའི་ནང་ སི་སི་ཊི་བི་པར་ཆས་༡༡ བཙུགས་ཡོདཔ་ལས་ ཁྲོམ་ཁར་ ཁྲིམས་འགལ་ཐོག་ལས་ ཕྱགས་སྙིགས་བཀོག་མི་ཚུ་ ལྟ་རྟོག་འབད་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ ཁྲོམ་དཔོན་ཀརྨ་ཤེས་རབ་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ སི་སི་ཊི་བི་པར་ཆས་ བཙུགས་ཞིནམ་ལས་ཚུར་ མི་ཚུ་གིས་ དྲན་ཤེས་བཏོན་ཡི་ཟེར་ཨིནམ་ད་ ཉེན་སྲུང་དང་ སྲུང་སྐྱོབ་ནང་ ཁྱད་པར་ངེས་བདེན་བཟོ་ཡོདཔ་མ་ཚད་ ཁྲིམས་འགལ་ཐོག་ལས་ ཕྱགས་སྙིགས་བཀོག་མི་དང་ སྤྱིར་བཏང་ཁྲིམས་འགལ་བྱ་ངན་འབད་ནི་ཚུ་ཡང་ མར་ཕབ་འབད་ནི་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་ཞིནམ་ལས་ཚུར་ ཁྲོམ་སྡེ་གིས་ ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་འབད་ཡོདཔ་ལས་ ད་ལྟོ་ ཁྲིམས་སྲུང་འགག་སྡེ་གིས་ པར་ཆས་༡༡ དེ་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས།
སི་སི་ཊི་བི་པར་ཆས་ཚུ་ཡང་ བསམ་གྲུབ་ལྗོངས་མཁར་གྱི་ ས་མཚམས་སྒོ་ར་དང་ རྒྱུན་འགྲུལ་འཐབ་ས་ལྟེ་བ་ཚུ་ནང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཀརྨ་ཤེས་རབ་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཁྲོམ་གྱི་ས་ཁོངས་ཚུ་ནང་ ཁྲིམས་འགལ་ཐོག་ལས་ ཕྱགས་སྙིགས་བཀོག་བའི་ ཚ་གྱང་ལངམ་མས་ཟེར་ཨིནམ་ད་ མི་ཚུ་གིས་ ཕྱགས་སྙིགས་ག་ར་ སྣང་མེད་སྦེ་ ག་ལྷོད་བཀོག་དོ་ཡོདཔ་ད་ ཁྲོམ་སྡེའི་ཁ་ཐུག་ལས་ ཁྲོམ་གཙང་སྦྲ་དང་ལྡནམ་སྦེ་ བཞག་ནི་ལུ་ ཤུགས་བཏོན་དོ་ཡོདཔ་བཞིན་དུ་ ཁྲོམ་གཙང་ཤོས་ཅིག་སྦེ་ བཟོ་ནི་ཟེར་ཨིན་པས།
ད་ལྟོ་ཡོད་པའི་ སི་སི་ཊི་བི་པར་ཆས་༡༡ གི་ ཁ་སྐོང་ཉོ་ནིའི་དོན་ལུ་ འཆར་གཞི་༡༢ པའི་ནང་ ཁྲོམ་སྡེའི་ཁ་ཐུག་ལས་ འཆར་དངུལ་དངུལ་ཀྲམ་ས་ཡ་༣༠ བཞག་སྟེ་ཡོད་ཟེར་ཨིནམ་ད་ ད་རེས་ ཁྲོམ་སྡེ་གིས་ ཐགཔ་ཚུ་འཐེན་ཚར་ཏེ་ཡོདཔ་ལས་ སི་སི་ཊི་བི་པར་ཆས་ཚུ་ གཞི་བཙུགས་འབད་ནི་ལུ་ གྲ་སྒྲིག་འབད་དོ་ཟེར་ཨིན་པས།
ད་ལྟོ་ཚུན་ ཁྲོམ་སྡེ་གིས་ སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༦.༧ དེ་ཅིག་ ཟད་འགྲོ་བཏང་ཡོད་པའི་གནས་ཚུལ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *