༉ བསམ་གྲུབ་ལྗོངས་མཁར་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་༢ ཆ་ར་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ འགོ་ཐོག་བཙག་འཐུ་ནང་ བཙག་འཐུ་འབད་དོ་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་གྱི་ མི་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པ་ལས་ བྱ་ཁྲུང་ཁྲུང་དེ་ གདམ་ཁ་རྐྱབ་ནུག།
བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨོ་རྒྱན་རྡོ་རྗེ་གིས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་ལས་ ཚོགས་རྒྱན་དག་པ་ཅིག་གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ངོ་གིས་ ཚོགས་རྒྱན་༨༠༠ མངམ་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
བདེ་བ་ཐང་- སྒོམ་དར་འདེམས་ཁོངས་ནང་ དོ་འགྲན་ཅན་ཅིག་ཨིན་མི་དེ་ཡང་ ཚོགས་རྒྱན་༢༣ རྐྱངམ་གཅིག་གི་ ཁྱད་པར་ཐོན་ཡོདཔ་ འགྲེམ་ཐོག་ཚོགས་རྒྱན་ལུ་བརྟེན་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ འཕྲིན་ལས་རྣམ་རྒྱལ་དེ་ ཕམ་བཏང་ནུག།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨོ་རྒྱན་རྡོ་རྗེ་གིས་ འགྲེམ་ཐོག་ཚོགས་རྒྱན་༢,༡༩༨ དང་ འཕྲུལ་ཆས་ལས་ ཚོགས་རྒྱན་༤,༣༧༠ ཐོབ་ནུག།
བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་བརྩིས་ཏེ་ འགྲེམ་ཐོག་ཚོགས་རྒྱན་༤,༤༠༠ ལྷོད་མི་ལས་༢༧ ཆ་མེད་སོང་ཡོདཔ་ད་ དེ་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༥,༠༦༠ ཡོདཔ་ཨིན་པས།
ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ནང་ མི་༧,༩༡༩ དེ་ཅིག་གིས་ ཚོགས་རྒྱན་བཙུགས་ཡོད་མི་ལས་༣,༧༦༣ གྱིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནུག།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ནོར་བུ་དབང་འཛོམས་ལུ་ ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ལས་ མི་༢,༡༩༦ གིས་ ཚོགས་རྒྱན་བཙུགས་ཡོདཔ་བཞིན་དུ་ བརྒྱ་ཆ་༥༣ དེ་ འགྲེམ་ཐོག་ཚོགས་རྒྱན་ཨིན་པས།
ནོར་བུ་དབང་འཛོམས་དང་ དོ་འགྲན་འབད་མི་ འབྲུག་མཉམ་རུབ་ཚོགས་པ་༢ ཀྱི་བར་ན་ ཚོགས་རྒྱན་༢༠༠ གི་ ཁྱད་པར་ཐོན་ཡོདཔ་བཞིན་དུ་ བརྒྱ་ཆ་༥༨ དེ་ འགྲེམ་ཐོག་ཚོགས་རྒྱན་ཨིན་པས།
ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ནང་ ཐོ་བཀོད་ཅན་གྱི་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༤,༣༤༨ ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༢༥,༨༢༦ ཡོད་མི་ལས་༡༤,༥༨༧ དེ་ བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ནང་ཡོདཔ་ད་ དེ་གི་གྲས་ལས་༡༨,༤༠༠ གིས་ འཕྲུལ་ཆས་དང་ འགྲེམ་ཐོག་ལས་ ཚོགས་རྒྱན་བཙུགས་མི་བརྩིསཝ་ད་ བརྒྱ་ཆ་༧༡ དེ་ཅིག་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།