བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན།

དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ མཚན་ས་གསུམ་ནང་ ཡོངས་སུ་གྲགས་པའི་ སྐྱེས་ཆེན་དམ་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་ བལ་གནས་ལུ་ བྱིན་གྱིས་བརླབས་གནང་ནུག།

དེ་ལས་ རིམ་པར་བརྒྱུད་དེ་ ཕ་འཇོ་འབྲུག་སྒོམ་ཞིག་པོ་ རྒྱལ་པ་ཀློང་ཆེན་རབ་འབྱམས་ འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ མིའི་གཟུགས་སུ་རོལ་བ་ འབྲུག་རྒྱལ་ཁབ་ནང་ བཀའ་དྲིན་བླ་ན་མེད་པའི་བདག་ཉིད་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ ཆོས་ཁྲིམས་དར་གྱི་མདུད་ཕོད་ཟེར་ གཞི་བཙུགས་གནང་ནུག།

དེ་གི་ནང་དོན་ཉིད་ལས་ཡང་ འབྲུག་རྒྱལ་ཁབ་ནང་ དམ་པའི་ཆོས་ཀྱི་ དར་ཁྱབ་སྦོམ་སྦེ་ར་སོང་སྟེ་ འབངས་མི་སེར་ག་ར་ ཆོས་ལུ་མ་དད་མི་ གཅིག་ཡང་མེདཔ་ཨིན།

ནང་པའི་ཆོས་ཀྱི་ལུགས་ལས་ རང་དོན་བློས་བཏང་ གཞན་དོན་འགྲུབ་ཚུགས་པ་ཅིན་ ཕན་པ་བསམ་གྱི་མི་ཁྱབ་སྦེ་ ཡོད་པའི་སྐོར་ ག་ར་གི་ ཤེས་གསལ་ལུ་ཡོད།

ཕྱོགས་ཕྱོགས་ཀྱི་ ལྷ་ཁང་དང་ དགོན་སྡེ་ རྫོང་གཞིས་ཚུ་ནང་ལས་ཕར་ དུས་བཟང་གི་སྐབས་ལུ་ དད་མོས་ཅན་གྱི་མི་སེར་ བརྒྱ་ཕྲག་ལས་བཅད་མི་ཚུ་གིས་ དཀར་པོ་དགེ་བའི་ལཱ་ དཀར་མེ་ཕུལ་ སྐོར་ར་རྐྱབ་ སྙན་དར་ཚུ་ཕུལ་ཐོག་ལས་ དགེ་བའི་ལཱ་ལུ་ འབད་བརྩོན་བསྐྱེད་དེ་ འབད་མི་ཚུ་ ག་ར་ མི་རྟག་འཆི་བ་ཡོད་ཟེར་ སེམས་ལུ་དྲན་ནི་དེ་གིས་ཨིན་མས།

རང་ཤི་ནི་ལུ་ འདྲོག་དོབཟུམ་སྦེ་ གཞན་མི་སེམས་ཅན་ཚུ་ཡང་ ཤི་ནི་ལུ་ མ་འདྲོག་མི་མེདཔ་ལས་ སྲོག་སྐྱབས་འབད་ནི་དེ་ ཕན་ཡོན་སྦོམ་ཤོས་ཅིག་ཨིན།

དེ་འབདཝ་ད་ ཆོས་ཟབ་སར་ བདུད་ཟབ་ཟེར་ སླབ་དོ་བཟུམ་སྦེ་ ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་ནང་འབད་རུང་ སེམས་ཅན་གྱི་ཚེ་སྲོག་ལུ་ བར་ཆད་རྐྱབ་མི་ཡང་ ཐོན་སྲིད་པས།

ག་འཆརཔ་ཟེར་བ་ཅིན་ འདས་པའི་བདུན་ཕྲག་དག་པ་ཅིག་ནང་ བརྡ་བརྒྱུད་དང་ མི་སྡེ་བརྡ་བརྒྱུད་ཚུ་ནང་ དར་ཁྱབ་སྦོམ་ར་སོང་མི་ ལྟོག་ཐག་ཆད་དེ་ སྤྱག་ལང་ཐལ་མི་ རོ་ཁྱི་སྡེ་ཚན་གྱིས་ ཨ་ལོའི་ཚེ་སྲོག་ལུ་ བར་ཆད་རྐྱབ་ཡོདཔ་ག་ར་གིས་ ཧ་གོ་ཡི།

རྒྱུ་མཚན་དེ་གིས་འབདཝ་ད་ གཞུ་དང་བསྟུན་པའི་བྱང་ཤིང་སྦྱར་ཟེར་དོ་བཟུམ་སྦེ་ མནོ་ནི་མེད་པའི་ སྤྱང་ཁྱི་ལྟོག་ཅན་ཚུ་ ཤི་སྨན་བཙུགས་ཏེ་ ཐལ་བར་གླགས་བཏངམ་ཨིན་མས།

འདི་བཟུམ་གྱི་གདོང་ལེན་དེ་ དབང་འདུས་ཆ་འོག་ལུ་ ཧེ་མ་ལས་བྱུང་ཡོད་པའི་ཁར་ ཧཱ་གི་ཆ་འདུས་ལུ་ཡང་བྱུང་སྟེ་འབད་རུང་ དེ་བསྒང་ སྒོ་ནོར་སེམས་ཅན་ལུ་ གནོདཔ་བཀལ་ནི་དེ་གིས་ སྣང་མེད་སྦེ་བཞག་ཅི།

གལ་སྲིད་ གདོན་ལེན་དེ་ཚུ་ ཧེ་མ་ལས་ འཐབ་ལམ་སྒྲིག་སྟེ་ བྱ་སྒོའི་རིམ་པ་ཚུ་ སྒྲིག་སྟེ་འབད་བ་ཅིན་ ཆབ་གསང་གངམ་ད་ གསང་སྤྱོད་འཚོལ་དགོཔ་མི་འཐོན་ནི་མས།

འདི་ཚུ་ག་ར་ ཁྱད་པར་གྱི་ལྷད་ཞུགས་ཏེ་ བྱ་ལས་མ་སྒྲིག་ནི་དེ་གིས་ མིའི་ཚེ་སྲོག་ལུ་ བར་ཆད་བྱུང་ ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་ཟེར་བའི་ མིང་གཏམ་དང་ རྒྱབ་འགལ་སོང་ འབྲུག་མི་ཆོས་སེམས་ཅན་ཟེར་མི་དེ་ཡང་ བདེན་ཁུངས་མེད་པའི་ གཞི་གནད་ཅིག་ལུ་གྱུརཝ་ད་ འཐུས་ཤོར་བྱུང་མི་དེ་ལོས་ཀྱང་ འགན་འཁྲི་ཅན་དང་ བསླབ་བཀོད་པ་ཚུ་ག་ར་ ཆུ་འགྱོ་བའི་ཞོར་ཁ་ རང་འཐག་འདྲུདཔ་མས།

རྒྱལ་ཁབ་ནང་ གདོང་ལེན་ག་ཅི་བཟུམ་བྱུང་རུང་ ལྷོད་ཡངས་དང་ སྣང་མེད་སྐྱུར་ནི་དེ་ འབྲུག་གི་ཁྱད་ཆོས་བཟུམ་ཅིག་ལུ་གྱུར་ཡོདཔ་ལས་ དྲན་ཤེས་བཏོན་དགོཔ་འདུག།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *