སློབ་ཕྲུག་༢ ཀྱི་བར་ན་ རྩེད་འགྲན་འབད་བའ་ིབསྒང་།

བཀྲིས༌སྒང༌ལུ༌ ཊའི༌ཀཱོན༌ཌོ་རྩེད༌རིགས༌ལུ༌ སྤྲོ༌བ༌བསྐྱེད༌མི༌ཡར༌སེང༌།

༉ བཀྲིས༌སྒང༌རྫོང༌ཁག༌ནང༌ ཊའི་ཀཱོན༌ཌོ་རྩེད༌རིགས༌ལུ༌ སྤྲོ༌བ༌ བསྐྱེད༌མི༌དེ༌ ལོ༌བསྟར༌བཞིན༌དུ༌ ཡར༌སེང༌ འགྱོ་དོ༌ཡོདཔ༌ད༌ ཁ༌ཙ༌ མཇུག༌བསྡུ༌མི༌ རྩེད༌འགྲན༌དེ༌ནང༌ རྫོང༌ཁག༌གི༌ སློབ༌གྲྭ༌ཁག༌༩ལས༌ སློབ༌ཕྲུག༌ཚུ༌གིས༌ བཅའ༌མར༌ གཏོགས༌ནུག།
བཅའ་མར་གཏོགས་མི་༡ སྐྱེ ས༌ལོ༌༡༡ ལང༌མི་སངས༌རྒྱས༌ མཁའ༌འགྲོ༌དེ༌ཨིནམ༌ད༌ ཁོ༌ར༌ འཇམ༌དཔལ༌གླིང༌ སློབ༌གྲྭ༌ལྟེ༌བ༌ ལས༌ གྲོ༌ཡོ༌ཆ༌གིས་ ཕམ༌བཏང༌ ཡོདཔ༌ད༌ རྩེད༌འགྲན༌དེ༌ བཀྲིས༌ སྒང༌རྫོང༌ཁག༌རྩེད༌ འགྲན༌ཁང༌ནང༌ འགོ༌འདྲེན༌འཐབ༌ནུག།
རྩེད༌འགྲན༌ཐེངས་༡༢ པ་དེ༌ ནང༌ བུཚ་༡༢༥ དང༌ བུམོ་༡༠༦ བསྡོམས་ཏེ་ སློབ༌ཕྲུག༌༢༣༡ གིས༌ བཅའ༌མར༌གཏོགས༌ ཡོདཔ༌ད༌ ད༌ཚུན་གྱི་བར་ན་ བཅའ༌མར༌ གཏོགས༌མི༌ མཐོ༌ཤོས༌ཨིན༌པས།
རྫོང༌ཁག༌ཊའི་ཀཱོན༌ཌོ་རྩེད༌ རིགས༌ཀྱི༌ འཛིན༌སྐྱོང༌པ༌ ཧཱེམ༌ རཇ༌མཱོང༌གར༌གྱིས༌ སྤྱི༌ལོ༌༢༠༡༤ ལས༌རྩེད༌རིགས༌ཀྱི༌ འགོ༌འདྲེན༌པ༌ སྦེ༌ ལཱ༌འབད༌ནི༌ འགོ༌བཙུགས༌མི༌ ལས༌ རྩེད༌རིགས༌དེ༌ནང༌ སྤྲོ༌བ༌ ལེན༌མི༌ཡང༌ ཡར༌སེང༌སོང༌ ཡོདཔ༌བཞིན༌དུ༌ སློབ༌གྲྭ༌༧ ཐེབས་འཛུལ༌ཡོདཔ༌ཨིན༌པས།
ད༌རེས༌ རྫོང༌ཁག༌གི༌ སློབ༌གྲྭ༌ ག༌རའི༌ནང༌ རྩེད༌རིགས༌དེ༌ཡོདཔ༌ ད༌ མཁའ༌གླིང༌འཇིགས༌མེད༌ཤེས༌ རབ༌གླིང༌ སློབ༌གྲྭ༌ལྟེ༌བ༌ལས༌ སློབ༌རིམ༌༡༡ པའི༌སློབ༌ཕྲུག༌ཀུན༌ལེགས༌དབང༌མོ༌གིས༌ སླབ༌མིའི༌ ནང༌ རྩེདམོ༌དེ༌གིས༌ གཟུགས༌ ཁམས༌སྒྲིང༌སྒྲི༌ བཞག༌དོ༌ཡོདཔ༌ མ༌ཚད༌ ཨམ༌སྲུ༌ཚུ༌གི༌དོན༌ལུ༌ ཉེན༌སྲུང༌ལུ༌ཡང༌ ཕན༌ཐོགས༌ འདུག༌ཟེར༌ཨིན༌པས།
འཛིན༌སྐྱོང༌པ༌གིས༌ སླབ༌མིའི༌ ནང༌ ཉིན༌གྲངས༌༢ ཀྱི༌ རྩེད༌ འགྲན༌གྱི༌དོན༌ལུ༌ དངུལ༌ཀྲམ༌ ༡༠༠,༠༠༠ ལས༌བརྒལ༌ མེདཔ༌ ལས༌མ༌དངུལ༌ལང༌མ༌ཚུགས༌པའི༌ དཀའ༌ངལ༌ཐོན༌ཡི༌ཟེར༌ཨིན༌པས།
རྩེད༌འགྲན༌དེ༌ནང༌ ཨང༌དང༌པ༌ དེ༌ འཇམ༌དཔལ༌གླིང༌སློབ༌གྲྭ༌ལྟེ༌བ༌གིས༌ ཐོན༌ཡོདཔ༌ད༌ ཨང༌༢ པ༌དེ༌ འཇིགས༌མེད༌ཤེས༌རབ༌ གླིང༌དང་ ཨང༌༣ པའི༌ནང༌ བཀྲིས༌སྒང༌འབྲིང༌རིམ༌སློབ༌གྲྭ༌ བར༌མ༌གིས༌ཐོན༌ནུག།
དབྱེ༌རིམ༌ཆུང༌བའི༌ནང༌ འཇིགས༌མེད༌ཤེས༌རབ༌གླིང༌ སློབ༌གྲྭ༌ལྟེ་བ་གིས་ ཨང་དང་པ་དང༌ ཨང༌གཉིས༌པ་དེ༌ རང༌ འབྱུང༌སློབ༌གྲྭ༌ ལྟེ༌བ་གིས་ ཐོན་པའི་ཁར་ བཀྲིས༌སྒང༌འབྲིང༌རིམ༌སློབ༌གྲྭ༌བར༌མ༌གིས༌ ཨང་གསུམ་པ་ཐོན༌ཡོད་པའི༌གནས༌ཚུལ།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *