བཀྲིས་སྒང་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་།

བསྟན་འཛིན་རྣམ་རྒྱལ།

སྐྱེས་ལོ་༣༨།

ཤེས་ཚད། བརྡ་བརྒྱུད་ཀྱི་ནང་ པི་ཇི་ཌིབ་ལོ་མའི་ཤེས་ཡོན།

ཉམས་མྱོང་། འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ བརྡ་བརྒྱུདཔ། ཀུན་གསལ་ལས་འཛིན་ནང་ བརྡ་བརྒྱུདཔ་གཙོ་འཛིན།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?

དྲང་པོ་ བརྩོན་འགྲུས་ཅན་དང་ སྤྲོ་བ་སྦོམ་བསྐྱེད་མི།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?

བཀང་ལུང་ལུ་ མཐུན་རྐྱེན་ག་ར་ཚང་པའི་ སྤྱིར་བཏང་སྨན་ཁང་ཅིག་དང་ ཡོན་ཕུག་ལ་ལུ་ བསིལ་མཛོད་ཁང་ སྦིས་མཁར་ལུ་སློབ་གྲྭ་ལྟེ་བ་ གཞི་བཙུགས་འབད་ནི། ཤིང་ཕུར་ཏོར་མ་དང་ ཨུ་མཛོ་རོང་རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་གཏང་ནི། ཁབ་སྟོད་ལུ་ བཀའ་དམ་ལྷ་ཁང་བཞེངས་ནི། པཱམ་དང་ རང་ཤི་མཁར་ བསམ་མཁར་ཚུ་ རྒེད་འོག་དང་ མཐུད་སྦྲེལ་འབད་ནིའི་དོན་ལུ་ འཁོར་ལམ་སེལ་ནི།

ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?

མི་སེར་ཚུ་གིས་ དམངས་གཙོའི་རིང་ལུགས་ནང་ བཅའ་མར་གཏོགས་མི་དེ་དགའ་བས། ཚོགས་རྒྱན་བཙུགས་མི་ཚུ་ མ་དངུལ་བྱིན་ཏེ་ དབང་དུ་འདུ་ནི་དེ་ མི་དགའ་བས།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?

ཚུལ་འཆོས་ཀྱི་བྱ་སྤྱོད་ མེདཔ་གཏང་ནི་དང་ ངན་ལྷད་བཀག་ནི་ དེ་ལས་ གྲོང་གསེབ་མི་སེར་ལུ་ ཚོགས་རྒྱན་ཤེས་ཡོན་མེད་མི་ཚུ་ཨིན།

མི་སེར་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?

གྲོང་གསེབ་ཀྱི་དཀའ་ངལ་ ཧ་གོ་ཚུགས་མི། མིག་མཐོང་ལག་བཟུང་གི་ཁས་བླངས། མི་སེར་ལུ་ ཕྱག་ཞུ་ནིའི་ སྤྲོ་བ་ཡོད་མི།

ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?

གཙོ་རིམ་ཅན་གྱི་ ཁས་བླངས་ཚུ་ ལག་ལེན་འཐབ་ནི།

མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?

ད་ཚུན་རིང་ ཕན་པ་འདུག

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *