བཀྲིས་སྒང་ ཁྲིམས་ཤིང་- རྐང་པར།

བཅོ་ལྔ་ཚེ་རིང་།

སྐྱེས་ལོ་༤༥།

ཤེས་ཚད། མཁས་དབང་། སྒོ་ནོར་གྱི་དྲུང་འཚོ།

ཉམས་མྱོང་། རྫོང་ཁག་སྒོ་ནོར་འགོ་དཔོན་དང་ སོ་ནམ་ལྷན་ཁག་ནང་ ལས་རིམ་མདོ་ཆེན་སྦེ་ལོ་༡༦ ཕྱག་ཞུ་ཡོདཔ།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?

སྙིང་རྗེ་ཅན་ དད་དམ་ཅན་ ཆོས་སེམས་ཅན།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?

འདེམས་ཁོངས་ནང་ དེང་སང་གི་ ས་ནམ་འཕྲུལ་ཆས་གཞི་བཙུགས་འབད་དེ་ སོ་ནམ་པ་དང་ ཤེས་ཡོན་ཅན་གྱི་ ན་གཞོན་ཚུ་ལུ་ སོ་ནམ་གྱི་ལཱ་དེ་ འོང་འབབ་བཟོ་ནི་དང་ དང་འདོད་ཅན་གྱི་ ལཱ་གཡོག་ཅིག་སྦེ་བཟོ་ནི། ས་གནས་ནང་ ལ་བཤལ་འགྱོ་ནིའི་ ལམ་ལེ་ཤ་ཡོདཔ་ལས་ ས་གནས་ནང་ ཁེ་ཕན་ཅན་གྱི་ ལྟ་བཤལ་གོང་འཕེལ་གཏང་ནི།

ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?

མི་མང་ཤོས་ཀྱི་ ཁས་བླངས་ཐོག་ བཙག་འཐུའི་བྱ་རིམ་ནང་ བཅའ་མར་གཏོགས་མི་དེ་དགའ་བས། དེ་གིས་ དམངས་གཙོའི་ལམ་ལུགས་དེ་ རྩ་བརྟན་དང་ སྒྲིང་སྒྲི་བཟོ་ནི་ལུ་ ཕན་ཐོགས་འབྱུང་འོང་། ཨིན་རུང་ འདེམས་ངོ་དང་ རྒྱབ་སྐྱོར་པ་ལ་ལོ་གིས་ དབྱེ་ཁག་ཕྱེ་ནིའི་ ཐབས་ལམ་བཏོན་མི་དེ་གིས་ དམངས་གཙོའི་རིང་ལུགས་ ཡུན་བརྟན་གནས་ནི་ལུ་ ཐོ་ཕོག་ནིའི་ཉེན་ཁ་ཡོད།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?

ན་གཞོན་ལཱ་གཡོག་ མ་ཐོབ་པའི་དཀའ་ངལ་དེ་ གདོང་ལེན་ཆེ་ཤོས་ཨིན།

མི་སེར་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?

གྲོང་གསེབ་ཀྱི་ མི་སེར་དང་ ལཱ་འབད་བའི་ཉམས་མྱོང་། སྲིད་བྱུས་དང་ ལམ་སྟོན་བཟོ་ནི་ནང་ ཉམས་མྱོང་ཡོད་མི། མི་སྡེ་ལུ་ ཞབས་ཏོག་ཞུ་ནིའི་ སྤྲོ་བ་སྦོམ་ཡོད།

ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?

འདེམས་ཁོངས་ནང་ སྲིད་ཚོགས་ལུ་བརྟེན་ དབྱེ་ཁག་བཟོ་མི་དེ་ སེལ་ཐབས་འབད་ནི།

མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?

ཚུལ་མཐུན་ལག་ལེན་འཐབ་པ་ཅིན་ ཕན་པ་འདུག། ཨིན་རུང་ དེ་གིས་ བཙག་འཐུའི་བྱ་རིམ་དེ་ བསུན་ཁག་ཁ་འགྱོ་དོ་ཡོདཔ་ ལས་ གལ་སྲིད་ དམ་འཛིན་མ་འབད་བ་ཅིན་ མ་འོངས་པ་ལུ་ བཙག་འཐུའི་བྱ་རིམ་ མེདཔ་གཏང་ནིའི་ཉེན་ཁ་འདུག།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *