དུས་རྒྱུན་གྱི་ རྩེད་འགྲན་པ་དག་པ་ཅིག་ འོངམ་མ་གཏོགས་ དུས་ཚོད་མང་ཤོས་ར་ ལག་ལེན་མེད་པར་ལུས་མི་ རྩེད་རིགས་སྣ་ཚོགས་ཁང་།

བཀྲིས་སྒང་ལུ་ རྩེད་རིགས་སྣ་ཚོགས་ཀྱི་མཐུན་རྐྱེན་ ལག་ལེན་གངམ་འཐབ་ནི་མེདཔ།

༉ བཀྲིས་སྒང་ཁྲོམ་ཁར་ རྩེད་རིགས་ཚུ་གི་གྲས་ལས་ མང་ཤོས་ར་ མདའ་རྩེད་དོ་ཡོདཔ་ལས་ འདས་པའི་ལོ་ནང་ མདའ་རྩེད་ཐང་ནང་ གློག་མེ་བཙུགས་བྱིན་མི་དེ་གིས་ ཕྱི་རུ་ཨ་རྟག་ར་ མདའ་རྩེད་མི་སྡེ་ཚན་དག་པ་རེ་ མ་ཆད་པར་འོང་ནི་ འགོ་བཙུགས་ནུག།
སྤྱི་ལོ་༢༠༡༤ ལས་ སློབ་གྲྭ་ཚུ་ནང་ མདའ་རྩེད་འགྲན་བསྡུར་ལས་རིམ་ འགོ་བཙུགས་པའི་ཤུལ་ལས་ མདའ་རྩེད་མིའི་གྱངས་ཁ་ཡང་ ཡར་སེང་སོང་ཡོདཔ་ད་ འབྲུག་ཨོ་ལིམ་པིག་ཚོགས་སྡེ་གིས་ ཨོ་ལིམ་པིག་གི་ གཞུ་ལག་ལེན་འཐབ་སྟེ་ སྦྱང་བ་འབད་ནིའི་ལས་རིམ་དེ་ཡང་ འགོ་བཙུགས་ཡོདཔ་ཨིན་པས།
རྒྱལ་ཡོངས་ཀྱི་རྩེདམོ་བཟུམ་སྦེ་ ན་གཞོན་ཚུ་གིས་ ཕུཊི་བཱོལ་མངམ་ རྩེད་དོ་ཡོདཔ་ད་ རྫོང་ཁག་གི་སྡེ་ཚན་ མི་ཐིར་བྲང་ཡུ་ནའི་ཊེཊ་གིས་ ད་ལྟོ་ བཀང་ལུང་ལུ་ གཙུག་ལག་གཙོ་འཛིན་གྱི་ རྒྱལ་རྟགས་རྩེད་འགྲན་ནང་ མཐར་འཁྱོལ་ཅན་ཅིག་སྦེ་ རྩེད་འགྲན་འབད་ཚུགས་ཡོདཔ་ཨིན་པས།
དེ་འབདཝ་ད་ རྩེདམོ་གཞན་ བཱསི་ཀེཊ་བཱོལ་དང་ བོ་ལི་བཱོལ་ བེཊ་མིན་ཊོན་ཚུ་གི་དོན་ལུ་ རྫོང་ཁག་ནང་ རྩེད་རིགས་དེ་ཚུ་གི་ ས་ཁོངས་བཟོ་སྟེ་ཡོད་རུང་ འགྲན་བསྡུར་དེ་ཅིག་ འགོ་འདྲེན་འཐབ་ནི་མེདཔ་ཨིན་པས།
ཕྱི་རུ་ཨ་རྟག་ར་ བེཊ་མིན་ཊོན་རྩེ་མི་ སྡེ་ཚན་ཅིག་མ་གཏོགས་ སྣ་ཚོགས་རྩེད་ཁང་དེ་ ལག་ལེན་འཐབ་མི་དེ་ཅིག་མེདཔ་ལས་ དུས་ཚོད་མང་ཤོས་ར་ ལག་ལེན་མེད་པར་ ལུས་ཏེ་ཡོདཔ་ཨིན་པས།
རྫོང་ཁག་རྩེད་རིགས་ཚོགས་པའི་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ མ་དངུལ་མེད་པའི་ དཀའ་ངལ་ལུ་བརྟེན་ འགྲན་བསྡུར་ཚུ་ འགོ་འདྲེན་འཐབ་མི་ཚུགས་པས་ཟེར་ཨིནམ་ད་ ཚོགས་པའི་རྩིས་འཛིན་པ་ ཀརྨ་ཆོས་གྲགས་ཀྱིས་འབད་བ་ཅིན་ ཚོགས་པ་གིས་ རྩེད་ཁང་ཉམས་བཅོས་འབད་ནིའི་དོན་ལུ་ མ་དངུལ་ཐོབ་མ་ཚུགས་པར་ ལཱ་ཁག་རྐྱབ་སྟེ་ཡོད་ཟེར་ཨིན་པས།
འཐུས་མི་ཚུ་ལས་ འཐུས་བསྡུ་མི་དེ་གིས་ གློག་མེའི་སྤྱོད་འཐུས་སྤྲོད་ནི་རྐྱངམ་གཅིག་ ལངམ་མས་ཟེར་ ཁོ་གིས་ བཤད་པའི་ཁར་ རྩེད་ཁང་གི་འོག་ཐོག་དེ་ ཨ་ལོ་གཅེས་སྐྱོང་ལྟེ་བའི་དོན་ལུ་ གླ་ཁར་བཏང་སྟེ་ཡོདཔ་ལས་ དེ་ལས་ཐོབ་མི་ མ་དངུལ་གྱིས་ རྩེད་ཁང་བདག་འཛིན་འཐབ་མིའི་ དངུལ་ཕོགས་སྤྲོད་དོ་ཟེར་ བཤདཔ་ཨིན་པས།
ཚོགས་པ་གིས་ ཚེ་བཅུའི་སྐབས་ རྩེད་ཐང་གླ་ཁང་བཏང་མི་ལས་ཐོབ་མི་ མ་དངུལ་དེ་གིས་ རྒྱུན་སྐྱོང་འཐབ་དོ་ཟེར་ཨིནམ་ད་ ཉམས་བཅོས་ཀྱི་ ལཱ་ཚུ་ཡང་ག་ར་ མ་དངུལ་དེ་ལས་ གཏང་དགོ་ནི་དེ་གིས་ ལཱ་ཁག་འདུག་ཟེར་ བཤདཔ་ཨིན་པས།
འབྲུག་ཨོ་པིམ་པིག་ཚོགས་སྡེ་གིས་ རྫོང་ཁག་རྩེད་རིགས་ཚོགས་པ་ལུ་ ལོ་བསྟར་བཞིན་དུ་ འཆར་དངུལ་ཚུ་ བྱིན་དོ་ཡོད་རུང་ ཀརྨ་ཆོས་གྲགས་ཀྱིས་འབད་བ་ཅིན་ ལང་མི་ཚུགས་པས་ཟེར་ཨིན་པས།
ཚོགས་པའི་ལས་བྱེདཔ་ལས་འགོ་བཙུགས་ སྦྱོང་བརྡར་བྱིན་མི་ཚུ་གི་ ཟད་འགྲོ་ག་ར་ ཚོགས་པ་གིས་ བཏང་དགོ་པས་ཟེར་ ཁོ་གིས་ བཤད་པའི་ཁར་ འཕྲལ་ཁམས་ཅིག་ཁར་ བཀྲིས་སྒང་ལུ་ བེཊ་མིན་ཊོན་རྩེད་འགྲན་འབད་བའི་ཤུལ་ལས་ རྫོང་ཁག་གི་ ན་གཞོན་ཚུ་ལུ་ སྤྲོ་བ་བསྐྱེད་ཚུགས་ཏེ་ཡོད་ཟེར་ཨིན་པས།
ང་བཅས་ཀྱིས་ རྩེད་རིགས་གཞན་ཚུ་ཡང་ འགོ་འདྲེན་འཐབ་ནིའི་ དང་འདོད་ཡོད་རུང་ ཟད་འགྲོ་གཏང་དགོ་ནི་དེ་གིས་ དཀའ་ངལ་ཐོནམ་མས་ཟེར་ ཀརྨ་ཆོས་གྲགས་ཀྱིས་ བཤདཔ་ཨིན་པས།
ཨོ་པིམ་པིག་ཚོགས་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྦྱོང་བརྡར་ལ་སོགས་པའི་ ཉིན་འཐུས་སྤྲོད་ནིའི་དོན་ལུ་ ཨོ་པིམ་པིག་ཚོགས་སྡེ་དང་གཅིག་ཁར་ མཉམ་འབྲེལ་འབད་དགོ་ཟེར་ཨིན་པས།
བཀྲིས་སྒང་གི་ རྩེད་རིགས་ཁང་དེ་ སྤྱི་ལོ་༢༠༡༤ ཟླ་༡༢ པའི་ནང་ རྐྱབ་མི་དེ་ རྒྱལ་ཁབ་ནང་ སྣ་ཚོགས་རྩེད་རིགས་ཀྱི་ མཐུན་རྐྱེན་ཡོད་མི་ དང་པ་ཨིན་པའི་གནས་ཚུལ།

སྐད་སྒྱུར་-བཀྲིས་བསྟན་འཛིན།

 

About admin

Check Also

སྲིད་བྱུས་ཀྱིས་ སྒེར་གྱི་ལས་བྱེདཔ་ཚུ་ རྒྱབ་སྐྱོར་འབད་ནི་ལུ་འཐུས་ཤོར།

༉ མི་མང་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ཡོདཔ་ཨིན་རུང་ སྒེར་སྡེའི་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནི་ཕར་བཞག་ ཨ་རྟག་གི་ཐོབ་ཚད་ལས་ ཉུང་སུ་སྦེ་ བྱིན་དོ་ཡོདཔ་ཨིན་པས། སྒེར་སྡེའི་བཀོད་ཁྱབ་འགོ་དཔོན་ཚུ་གི་ དངུལ་ཕོགས་དེ་ མི་མང་དང་ ལས་འཛིན་ཚུ་གི་ …

Leave a Reply

Your email address will not be published. Required fields are marked *