བཀྲིས་གཡང་རྩེ་ལུ་ ཤེས་རིག་དགའ་སྟོན་ བརྩི་སྲུང་འབད་བའི་མཐོང་སྣང་།

བཀྲིས་གཡང་རྩེ་ལུ་ ཤེས་རིག་དགའ་སྟོན་ དང་པ་བརྩི་སྲུང་།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་འཆར་ཟབ་མོ་ལུ་ སེམས་ཤུགས་བྱུང་མི་དང་འཁྲིལ་ སེམས་བསྐུལ་ལུ་ ངོས་ལེན་ཟེར་བའི་ བརྗོད་དོན་ཐོག་ལུ་ གཡང་རྩེ་ཤེས་རིག་དགའ་སྟོན་ འགོ་དང་པ་ བརྩི་སྲུང་འབད་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་ བརྩི་སྲུང་ཞུ་ཐབས་ལུ་ཨིན་པས།
ཉིནམ་དེ་ཡང་ ཨ་ལོའི་ཉིནམ་སྦེ་ བརྩི་སྲུང་འབདཝ་མ་ཚད་ སློབ་གྲྭ་ཚུ་ ལེགས་ཤོམ་བཟོ་ནི་དང་ ཨ་ལོ་ཚུ་ལུ་ རང་སོའི་མི་ཚེ་ནང་ མཐར་འཁྱོལ་འབྱུང་ཐབས་ལུ་ རྫོང་ཁག་ཤེས་རིག་ཡིག་ཚང་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྫོང་ཁག་ཤེས་རིག་གཙོ་འཛིན་ ཀུན་བཟང་དོན་གྲུབ་ཀྱིས་ སླབ་མིའི་ནང་ དགའ་སྟོན་བརྩི་སྲུང་འབད་མིའི་ དམིགས་ཡུལ་གཙོ་བོ་ར་ སློབ་ཕྲུག་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་དང་ ཁྱད་འཕགས་ཐོན་མི་ཚུ་ལུ་ གཟེངས་བསྟོད་གསོལ་རས་ཚུ་ བྱིན་ཐབས་ལུ་ཨིནམ་བཞིན་དུ་ ལས་རིམ་དེ་གིས་ བཀྲིས་གཡང་རྩེ་རྫོང་ཁག་གི་ སློབ་གྲྭ་ཚུ་ལུ་ མི་སྡེའི་ནང་ སོར་སྒྱུར་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་མི་ ཉམས་མྱོང་ཚུ་ བྱིན་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་ཕྲུག་ཚུ་གིས་ རང་སོའི་ལྕོགས་གྲུབ་དང་ རིག་རྩལ་ཚུ་ གསལ་སྟོན་འབད་ནིའི་དོན་ལུ་ སེམས་ཤུགས་ཅན་གྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
རམ་འཇར་འབྲིང་རིམ་སློབ་གྲྭ་བར་མའི་སློབ་དཔོན་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ དགའ་སྟོན་ལས་རིམ་དེ་གིས་ སློབ་ཕྲུག་ཚུ་ལུ་ རིག་པ་གསརཔ་བཏོན་ནི་དང་ ལྷབ་སྦྱང་མ་འདྲཝ་འབད་ནི་གི་ ས་གོ་ཅིག་ བཟོ་ཡི་ཟེར་ཨིན་པས།
བཀྲིས་གཡང་རྩེ་འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ འཇམ་དབྱངས་གཡུ་སྒྲོན་གྱིས་ གཡང་རྩེ་རྫོང་ཁག་ནང་ འགོ་དང་པ་ འགོ་འདྲེན་འཐབ་མི་ ཤེས་རིག་དགའ་སྟོན་ནང་ བཅའ་མར་གཏོགས་ཚུགསཔ་ལས་ སེམས་དགའ་ཡི་ཟེར་ བཤད་པའི་ཁར་ སློབ་ཁང་ནང་ལྷབ་མི་ ཡོན་ཏན་ལས་ལྷག་སྟེ་ ལྷབ་སྦྱང་འབད་ནི་གི་ གོ་སྐབས་ཐོབ་ཅི་ཟེར་ བཤདཔ་ཨིན་པས།
ཕྱི་རུ་ཁམས་ཅིག་ཁར་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་༦༣ བཞེས་པའི་ འཁྲུངས་སྟོན་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ གཡང་རྩེ་ཤེས་རིག་སྤྲོ་སྟོན་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་སར་ སློབ་ཕྲུག་དང་ སློབ་དཔོན་ཚུ་གིས་ སྤྲོ་སྟོན་ལས་རིམ་སྣ་ཚོགས་ སྤྱན་འབུལ་ཞུ་ཡོདཔ་ཨིན་པས།
ཤེས་རིག་དགའ་སྟོན་ནང་ སློབ་གྲྭའི་དབུ་འཛིན་གོང་འོག་༣༩ བརྩིས་ཏེ་ སློབ་ཕྲུག་༡,༥༠༠ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ སློབ་གྲྭ་༢༨ ལས་ སློབ་ཕྲུག་༣༢༠ གིས་ བཀྲིས་གཡང་རྩེ་འབྲིང་རིམ་སློབ་གྲྭ་བར་མའི་ རྩེད་ཐང་ནང་སྦེ་ དབྱེ་ཁག་སོ་སོ་ཐོག་ལུ་ ཁོང་རའི་ལཱ་ཚུ་ འགྲེམས་སྟོན་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *