ཡ་ལང་རྒེད་འོག་ ཕྲ་སྒོམ་རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བའི་ནང་ ཚོགས་རྒྱན་བཙུགས་པར་འོང་མི་ ཨམ་སྲུ་ཚུ།

བཀྲིས་གཡང་རྩེ་རྫོང་ཁག་གི་ གདམ་ངོའི་འཛོམས་འདུ་ མཇུག་བསྡུ་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༩ ལུ་ འཇམ་མཁར་རྒེད་འོག་ནང་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ རྒེད་འོག་ནང་ལས་ འདེམས་ངོ་ཐོན་མི་ མེད་མི་ལུ་བརྟེན་ མི་སེར་༡༢༦ དེ་ཅིག་གིས་ ཁོང་རའི་ རྒེད་འོག་ནང་ལས་ གདམ་ངོ་ཐོན་མི་ ག་ཡང་མེད་ཟེར་བའི་ མཚན་རྟགས་བཀོད་ཐོག་ལས་ བཀྲིས་གཡང་རྩེ་རྫོང་ཁག་གི་ གདམ་ངོའི་འཛོམས་འདུ་ མཇུག་བསྡུ་ཡི།
དེ་འབདཝ་ལས་ རྫོང་ཁག་ནང་ དུས་ཅི་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ རྒེད་འོག་༥ དང་ ཁྲོམ་སྡེ་༡ བརྩིས་ཏེ་ གདམ་ངོ་༦ གདམ་འཐུ་འབད་ཡོདཔ་ཨིན།
དེ་ཡང་ བཀྲིས་གཡང་རྩེ་རྫོང་ཁག་གི་ ད་ལྟོའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཡ་ལང་རྒེད་འོག་ལས་ བཀྲིས་ཕུན་ཚོགས་དང་ བཀྲིས་གཡང་རྩེ་ཁྲོམ་ལས་ ཀརྨ་རྒྱལ་མཚན་ རམ་འཇར་ལས་ ཕུར་པ་རྒྱལ་མཚན་ དེ་ལས་ ཁམས་དྭངས་རྒེད་འོག་ལས་ བསོད་ནམས་བསྟན་འཛིན་ སྟོང་ཞང་ལས་ ངག་དབང་བསྟན་འཛིན་ གཡང་རྩེ་རྒེད་འོག་ལས་ འཕྲིན་ལས་ཚུ་གིས་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རྒྱལ་ཡོངས་གནས་ཚད་ནང་ དོ་འགྲན་འབད་ནི་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༨ ལུ་༩ ལུ་ ཡ་ལང་རྒེད་འོག་ནང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༢༡༡ ལྷོད་མི་གྲས་ལས་ སྐྱེས་ལོ་༤༦ ལང་མི་ བཀྲིས་ཕུན་ཚོགས་ཀྱིས་ དགོ་༡༤༦ དང་ མི་དགོ་༦༥ ཐོབ་སྟེ་ གདམ་འཐུ་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བཀྲིས་གཡང་རྩེ་ཁྲོམ་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ གདམ་ངོ་༢ ཡོད་པའི་གྲས་ལས་ ཀརྨ་རྒྱལ་མཚན་གྱིས་ ཚོགས་རྒྱན་༡༡༦ ཐོབ་སྟེ་ གདམ་འཐུ་གྲུབ་བཞིན་དུ་ དོ་འགྲན་པ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལྷན་འཛིན་བགྲེཔས་ སངས་རྒྱས་རྡོ་རྗེ་གིས་ ཚོགས་རྒྱན་༡༡༢ ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་པས།
ཆོས་སྐོར་གཡུས་ཚན་ལས་ སློབ་དཔོན་བགྲེསཔ་ ཀརྨ་རྒྱལ་མཚན་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ལས་ ཡིང་སྐད་དང་ རྩིས་ནང་ སློབ་དཔོན་སློབ་སྦྱོང་ མཐར་འཁྱོལ་ཡོདཔ་ཨིན་པས།
སྐྱེས་ལོ་༣༧ ལང་མི་ ཁྲིམས་རྩོདཔ་བགྲེསཔ་ འཕྲིན་ལས་ཀྱིས་ ཚོགས་རྒྱན་བཙུགས་སའི་ ས་གོ་༢ ལས་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༢༨༥ འོང་མི་ལས་ ཁོ་གིས་ དགོ་ཟེར་མི་ ཚོགས་རྒྱན་༢༣༠ དང་ མི་དགོ་༥༥ ཐོབ་སྟེ་ གདམ་འཐུ་གྲུབ་ཅི།
འཕྲིན་ལས་ལུ་ རྒྱ་གར་བརཊ་ བི་དི་ཡ་པིཐ་གཙུག་ལག་སློབ་སྡེ་ལས་ ཁྲིམས་ནང་མཐོ་རིམ་ཤེས་ཚད་ མཐར་འཁྱོལ་པའི་ཤུལ་ལས་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ལས་ ཁྲིམས་དོན་ནང་ ཌིབ་ལོ་མའི་ཤེས་ཡོན་སྦྱངས་ཏེ་ རྩོད་དཔོན་ཡིག་ཚང་ནང་ ཁྲིམས་རྩོད་པའི་ ལཱ་འབད་ནུག།
ཁམས་དྭངས་པ་ཚུ་གིས་ སྐྱེས་ལོ་༣༢ ལང་མི་ བསོད་ནམས་བསྟན་འཛིན་ལུ་ ཚོགས་རྒྱན་༣༠༢ བཙུགས་ཐོག་ལས་ གདམ་འཐུ་འབད་ཡོདཔ་བཞིན་དུ་ དོ་འགྲན་པ་གཞན་མི་ རྡོ་རྗེ་གིས་ ཚོགས་རྒྱན་༢༠༨ ལས་བརྒལ་ ཐོབ་མ་ཚུགསཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་འཐུས་མི་བགྲེཔས་ བསོད་ནམས་བསྟན་འཛིན་གྱིས་ རྒྱ་གར་ མ་ཌ་རསི་ གཙུག་ལག་སློབ་སྡེ་ལས་ གློག་རིག་ ཀམ་པའུ་ཊར་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རམ་འཇར་རྒེད་འོག་ལས་ སྐྱེས་ལོ་༣༩ ལང་མི་ ཕུར་པ་རྒྱལ་མཚན་གྱིས་ དགོ་༣༡༣ དང་ མི་དགོ་༡༨ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་བཞིན་དུ་ ཁོ་ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ རྫོང་ཁ་ཆོས་ཚན་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ནུག།
དེ་ལས་ སྟོང་ཞང་རྒེད་འོག་ལས་ སྐྱེས་ལོ་༣༥ ལང་མི་ ངག་དབང་བཀྲིས་ཀྱིས་ དགོ་༢༦༢ དང་ མི་དགོ་༢༧ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་བཞིན་དུ་ ཁོ་ལུ་ རྒྱ་གར་ བྱང་བེང་གཱལ་གཙུག་ལག་སློབ་སྡེ་ལས་ སྤྱིར་བཏང་ཆོས་ཚན་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།
རྫོང་ཁག་ནང་ རྒེད་འོག་༨ ཡོད་མི་གྲས་ལས་ ཁམས་དྭངས་རྒེད་འོག་དང་ རམ་འཇར་ སྟོང་ཞང་ ཡ་ལང་ དེ་ལས་ གཡང་རྩེ་རྒེད་འོག་༥ དང་ཁྲོམ་མ་གཏོགས་ སྟོད་ཚོ་དང་ འབུམ་བདེ་གླིང་ དེ་ལས་ འཇམ་མཁར་རྒེད་འོག་ཚུ་ནང་ མི་ངོམ་འཐོན་མི་མེདཔ་ཨིན་པས།
རྒེད་འོག་༨ དང་ ཁྲོམ་སྡེ་ཅིག་ནང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ བཀྲིས་གཡང་རྩེ་རྫོང་བདག་ ཐུགས་རྗེ་ཚེ་རིང་གིས་ མི་སེར་ཚུ་ལུ་ བཙག་འཐུ་དང་འབྲེལ་བའི་ བྱ་སྒོའི་རིམ་པ་སྐོར་ལས་ གསལ་བཤད་འབད་ཡོདཔ་མ་ཚད་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དེ་ གལ་ཅན་སྐོར་ལས་ཡང་ སླབ་ཡོདཔ་ཨིན།
རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གདམ་ངོའི་འཛོམས་འདུ་ མཇུག་བསྡུ་རུང་ གདམ་ངོའི་ཡིག་ཆ་ ཚང་སྒྲིག་འབད་བར་ ད་ལྟོ་ གདམ་ངོ་ཕུད་རྡོག་ཅིག་ཡང་ མ་འོང་ཟེར་ཨིནམ་ད་ གདམ་ངོའི་ཡིག་ཆ་ ཚང་སྒྲིག་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡༩ ནང་འཁོད་ལུ་ འབད་དགོཔ་ཨིན་པས།
བཀྲིས་གཡང་རྩེ་ནང་ འགྲེམས་ཐོག་ཚོགས་རྒྱན་ བཙུགས་ནིའི་དོན་ལུ་ ཐོ་བཀོད་འབད་མི་བརྩིས་ཏེ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༨,༣༡༤ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *