ལས་གཡོག་བྲློན་པོ་ ཉི་མ་སངས་རྒྱས་ཆེན་པོ་གིས་ སྒོ་འབྱེད་གནང་པའི་བསྒང་།

བཀྲིས་གཡང་རྩེ་རིག་གནས་མཐོ་རིམ་སློབ་གྲྭ་སྒོ་འབྱེད།

༉ སྤྱི་ཟླ་༨ པའི་ཚེས་༢༦ ལུ་ ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་གིས་ བཀྲིས་གཡང་རྩེ་བཟོ་རིགས་བཅུ་གསུམ་སྤེལ་ཁང་ནང་སྦེ་ རིག་གནས་མཐོ་རིམ་སློབ་གྲྭ་ སྒོ་འབྱེད་གནང་ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲྭ་དེ་གིས་ ལྷ་བྲིས་དང་ པ་ཏྲ་ འཇིམ་བཟོ་ལ་སོགས་པའི་ བཟོ་རིགས་བཅུ་གསུམ་ལས་རིམ་ནང་ ལོ་ངོ་༡ གི་རིང་ སློབ་སྦྱོང་གཏིང་ཟབ་སྦེ་ བྱིན་ནི་ཨིནམ་བཞིན་དུ་ ལས་གཡོག་ལྷན་ཁག་གིས་ ལག་ཁྱེར་གནང་པའི་ཤུལ་ལས་ སློབ་ཕྲུག་དེ་གིས་ རིག་གནས་ནང་ ལོ་ངོ་༣ གྱི་ མཐོ་རིམ་ཤེས་ཡོན་གྱི་དོན་ལུ་ ཐོ་བཀོད་འབད་ཚུགས་ནི་ཨིན་པས།
བཀྲིས་གཡང་རྩེ་རིག་གནས་མཐོ་རིམ་སློབ་གྲྭའི་ རྩ་གཞུང་དེ་ སྟག་རྩེ་སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་གིས་ བཟོ་ནི་ཨིནམ་ད་ མཐོ་རིམ་ཤེས་ཚད་ལག་ཁྱེར་དེ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ བྱིན་ནི་ཨིན་པས།
མཐོ་རིམ་སློབ་གྲྭ་དེ་གི་ སྡེ་ཚན་དང་པའི་ནང་ཡོད་མི་ སློབ་ཕྲུག་བུཚ་༦ དང་ བུམོ་༦ དེ་ སློབ་གྲྭ་ཁག་སོ་སོ་ལས་ སློབ་རིམ་༡༢ པ་ མཐར་འཁྱོལ་མི་ཚུ་ཨིན་པའི་གནས་ཚུལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *