སྤྱི་ཟླ་༨ པའི་ཚེས་༢༩ འི་ནུབ་མོར་ ཆརཔ་ཤུགས་སྦེ་ རྐྱབ་པའི་ཤུལ་ལས་ ཁ་ཙ་ཉིན་མ་ཁམས་ཅིག་ཁར་ བཀྲིས་གཡང་རྩེའི་གཞུང་ལམ་བདའ་སྟེ་ ས་གནས་ལྕགས་ཟམ་དང་ དོག་གསུམ་གྱི་བར་ན་ རྡོ་ཕུག་མི་ཊར་༡༥ འབད་མི་ཅིག་ ལམ་ལྟག་ལས་ བཞུད་འོང་སྟེ་ གཞུང་ལམ་རྩ་བ་ལས་ར་ བསུབས་ཡོདཔ་ལས་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ ས་ཁོངས་དེ་ནང་ ལམ་སེལ་མི་ ལས་མི་དང་ འཕྲུལ་ཆས་ཚུ་ བཙུགས་ཏེ་ཡོད་རུང་ ལམ་སེལ་ཚུགས་ཚུགས་ལུ་ ཉིནམ་༢ དེ་ཅིག་ འགོར་ནི་མས་ཟེར་ཨིན་པའི་གནས་ཚུལ།
