བཀའ་འགྱུར་གྱི་ལྗགས་ལུང་ ད་རིས་ལས་ འགོ་བཙུགས་ནི།

༉ ད་རིས་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་གི་ སྟོན་པ་རྡོར་གདན་མའི་ ས་ཁོངས་ནང་སྦེ་ བཀའ་འགྱུར་གྱི་ལྗགས་ལུང་ དབུ་འཛུགས་གནང་ནི་ཨིན་པས།
ལྗངས་ལུང་འགོ་མ་བཙུགས་པའི་ཧེ་མ་ དྲོ་པའི་ཆུ་ཚོད་༦.༡༥ དེ་ཅིག་ཁར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ མཆོད་ཁང་ནང་ ཆིབས་གྲལ་བཙར་ཏེ་ གདན་འདྲེན་ཞུ་བའི་ཤུལ་ལུ་ མར་ཆང་ཕུལ་ནི་དང་ བཀའ་འགྱུར་ལུང་གི་ སྦྱིན་བདག་ཚུ་གིས་ སྐྱབས་རྗེ་མཆོག་ལུ་ མན་ཌལ་སྐུ་གསུང་ཐུགས་རྟེན་ཕུལ་ནི་ཨིན་པས།
དེ་ལས་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ ལྗགས་ལུང་དེ་ཡང་ བཀའ་འགྱུར་གྱི་འདུལ་བ་ཀ་པ་ལས་སྦེ་ འགོ་བཙུགས་གནང་ནི་ཨིནམ་ད་ དུས་ཡུན་ཟླ་ངོ་༣ གྱི་རིང་ གནང་ནི་ཨིན་མི་ བཀའ་འགྱུར་གྱི་ ལྗགས་ལུང་དེ་ གཞུང་འཕགས་པའི་དགེ་འདུན་གྲྭ་ཚང་ དང་ བཀའ་འགྱུར་ལུང་གི་སྦྱིན་བདག་ དེ་ལས་ རྙིང་མའི་བླ་སློབ་ཚུ་གིས་ འགོ་འདྲེན་འཐབ་ཨིན་པའི་གནས་ཚུལ།

About admin

Check Also

བསྐོར་ཐེངས་དང་པའི་ནང་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༉ སྤ་རོ་ ཨེཕ་སི་སྡེ་ཚན་གྱིས་ བསྐོར་ཐེངས་དང་པའི་ནང་ སྐུགས་༢༥ ཐོབ་སྟེ་ ཨང་དང་པ་ཐོན་པའི་སྐབས་ ན་ཧིང་ ཨང་དང་པ་ཐོན་མི་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༢༣ ཐོབ་སྟེ་ ཨང་༢ པ་ཐོན་ནུག། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *