༉ མོང་སྒར་ བཀའ་གདམས་དགོན་པའི་ ལྷ་ཁང་ནང་སྦེ་ ལོ་བསྟར་བཞིན་དུ་ རང་ཟླ་༥ པ་ལས་ འགོ་བཙུགས་ཏེ་ རང་ཟླ་༦ པའི་ཚེས་༤ ཚུན་ གནང་སྲོལ་ཡོད་མི་ བཛྲ་གུ་རུ་དུང་སྒྲུབ་དེ་ ད་རེས་ནངས་པར་ སྒོམ་སྡེའི་སྒོམ་ཆེན་དང་ མཚམས་པ་ཞལ་གྲངས་༧༠ དང་ དད་ཅན་སྐྱ་སེར་ཕོ་མོ་བསྡོམས་ མི་གྲངས་༣༠༠ ལྷགཔ་ཅིག་གིས་ བསག་གནང་པའི་བསྒང་འདུག།
ད་རེས་ནངས་པར་ བཛྲ་གུ་རུ་དུང་སྒྲུབ་ཀྱི་ ལས་རིམ་ནང་ དྲང་བཞག་རྐྱབ་མི་དང་ ཐབ་ཚང་ནང་ ལཱ་འབད་མི་ཚུ་ག་ར་ སློབ་ཕྲུག་བུམོ་ཚུ་གིས་འབད་དོ་ཡོདཔ་ད་ དེ་ཡང་ ལོ་ཕྱེད་ཀྱི་ ཆོས་རྒྱུགས་ངལ་གསོ་ ཟླཝ་༡ ཡོད་མི་ལུ་བརྟེན་ཨིན་པས།
ན་ཧིང་ དུས་ཚོད་འ་ནེམ་ཅིག་ཁར་ བཀའ་གདམས་དགོན་པའི་ བཛྲ་གུ་རུ་དུང་སྒྲུབ་སྐབས་ དད་ཅན་སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡོད་རུང་ དུས་ཅི་ དགོན་པ་ལུ་ གཏན་འཇགས་སྡོད་མི་ སྒོམ་ཆེན་དང་མཚམས་པ་ དེ་ལས་ རྒན་རྒས་ཚུ་མ་གཏོགས་ གཡུས་མི་དང་ ཁྲོམ་སྡེ་ལས་ བཅའ་མར་གཏོགས་མི་ གངམ་མེདཔ་ཨིན་པས།
བཛྲ་གུ་རུ་དུང་སྒྲུབ་ནང་ བཅའ་མར་གཏོགས་མི་ཚུ་ལུ་ དྲོ་པ་ལས་ ཕྱི་རུ་ཚུན་ སྒོམ་སྡེའི་ཁ་ཐུག་ལས་ གསོལ་ཚོགས་ཚུ་ དྲང་དོ་ཡོདཔ་ད་ ཨིན་རུང་ རེ་ཚེ་སྐབས་ བསྟན་པའི་སྦྱིན་བདག་ཚུ་གིས་ དྲང་དོ་ཡོདཔ་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།