ཕུན་ཚོགས་གླིང་ལུ་ འགྲོ་འགྲུལ་བཀག་དམ་ ཡངས་ཆག་གཏང་ནི།

༉ ད་རིས་ དྲོ་པའི་ཆུ་ཚོད་༦ ལས་ ཕུན་ཚོགས་གླིང་ལུ་ ས་ཁོངས་དབྱེ་ཁག་བཟོ་སྟེ་ འགྲོ་འགྲུལ་བཀག་དམ་ ཡངས་ཆག་གཏང་ནི་ཨིན་རུང་ གཞུང་དང་ ལས་འཛིན་ སྒེར་གྱི་ཡིག་ཚང་ དེ་ལས་ སློབ་གྲྭ་དང་ དངུལ་འབྲེལ་གཙུག་སྡེ་ཚུ་ སྒོ་བསྡམས་ཏེ་ར་ བཞག་ནི་ཨིན་པས།

མི་ཚུ་གིས་ རང་སོའི་ ས་ཁོངས་ནང་འཁོད་ལུ་ འགྲུལ་སྐྱོད་ཆོག་ཐམ་དང་འཁྲིལ་ ཕྱི་རུའི་ཆུ་ཚོད་༧ ཚུན་ འགྲོ་འགྲུལ་འབད་ཆོག་ནི་ཨིན་པས།

སྨན་ཁང་ནང་ གློ་བུར་གྱི་ ཞབས་ཏོག་རྐྱངམ་གཅིག་ བྱིན་ནི་ཨིནམ་ད་ གློ་བུར་གྱི་དོན་ལུ་དང་ གཞུང་འབྲེལ་གྱི་ ཅ་ཆས་འབག་མི་ དེ་ལས་ གནང་བ་སྤྲོད་ཡོད་མི་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ཆོག་ནི་ཨིན་རུང་ མེ་སྦྱང་གི་དོན་ལུ་ མི་༡༠ ལས་ལྷག་སྟེ་ མི་ཆོག་ནི་ཨིན་པས།

ཟ་ཆས་ཚུ་ རང་གི་ཁྱིམ་སྒོ་ཚུན་བསྐྱལ་མི་དེ་ འཕྲོ་མཐུད་མི་འབད་ནི་ཨིནམ་ད་ ཤིང་འབྲས་དང་ ཚོད་བསྲེ་ དེ་ལས་ སྒོ་ནོར་གྱི་ ཐོན་སྐྱེད་ ཤ་དང་ ཆང་གི་རིགས་ མེ་རླུང་རྒྱ་རྫི་ཚུ་ སྤྱི་ཚེས་༧ ཚུན་ འཕྲོ་མཐུད་བྱིན་ནི་ཨིན་པས།

རྫོང་ཁག་གི་བར་ན་ འགྲོ་འགྲུལ་འབད་ནི་དེ་ འཕྲོ་མཐུད་དེ་ར་ བཀག་འཛིན་འབད་ནི་ཨིན་རུང་ རྫོང་ཁག་གཞན་ཁར་ འགྱོ་ནིའི་དོན་ལུ་ ཐོགས་ལུས་མི་ཚུ་ ཕུན་ཚོགས་གླིང་ལུ་ ཟུར་བཞག་མཐུན་རྐྱེན་དང་འཁྲིལ་ ཆ་རོགས་འབད་ནི་ཨིནམ་ད་ ཟུར་བཞག་ཉིནམ་༧ ངེས་པར་དུ་ སྡོད་དགོཔ་ཨིན་པའི་གནས་ཚུལ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *