ས་མཚམས་ཁྲོམ་སྡེ་དེ་ སྤྱི་ཟླ་༤ པའི་ཚེས་༡༧ ལས་ འགྲོ་འགྲུལ་བཀག་དམ་འབད་ཞིནམ་ལས་ཚུར་ ད་རིས་ ཉིན་གྲངས་༥༦ ལངམ་ཨིན་པས།

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་༣ པ་ ད་རིས་ འགོ་བཙུགས་ནི།

༉ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ ད་རིས་ལས་ འགོ་བཙུགསཔ་ཨིན་པས།

འདས་པའི་བརྟག་དཔྱད་༢ ས་གོ་ལ་ལོ་ཅིག་གི་ ཁྱིམ་ཅིག་ནང་ལས་ འཐུས་མི་རེ་ལུ་ ནད་རྟགས་ཡོད་མེད་ཀྱི་ བརྟག་དཔྱད་འབད་མི་བཟུམ་མེན་པར་ ད་རིས་ སྐྱེས་ལོ་༥ ཡན་ཆད་འབད་མི་ ག་ར་ལུ་ བརྟག་དཔྱད་འབད་ནི་ཨིན་པས།

ཨིན་རུང་ ཚོས་གཞི་དམརཔོ་སྦེ་ ངོས་འཛིན་འབད་མི་ སྒྲིང་ཁྱིམ་ཚུ་ནང་ སྡོད་མི་ཚུ་ང་ ཨ་ལོ་སྐྱེས་ལོ་༥ འོག་རྒྱུ་འབད་མི་ཚུ་ལུ་ བརྟག་དཔྱད་མི་འབད་ནི་ཨིན་པས།

ད་རིས་ མི་མང་བརྟག་དཔྱད་དེ་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ འགོ་བཙུགས་ཏེ་ ནངས་པ་མཇུག་བསྡུ་ནི་ཨིནམ་ད་ སྤྱི་ཟླ་༦ པའི་ཚེས་༡༢ ལས་༡༥ ཚུན་ རྒྱ་ཁྱབ་ས་ཁོངས་༡ པ་ནང་ བརྟག་དཔྱད་འབད་ནི་ཨིནམ་བཞིན་དུ་ ས་ཁོངས་དེ་ནང་ ཨ་མོ་ཆུ་-ཅམ་ཀུ་ན་དང་ དམ་ད་ར་ ཀ་བེ་རེ་ཊར་ཚུ་ ཚུདཔ་ཨིན་པས།

རྒྱ་ཁྱབ་ས་ཁོངས་༢ པའི་བརྟག་དཔྱད་དེ་ སྤྱི་ཟླ་༦ པའི་ཚེས་༡༦ ལས་༡༨ ཚུན་ འབད་ནི་ཨིནམ་ད་ ས་ཁོངས་དེ་ནང་ ནད་ཡམས་ཁྱབ་སྤེལ་འགྱོ་ནིའི་ གནོད་ཉེན་སྦོམ་ཡོད་མི་ ཁྲོམ་གྱི་ས་ཁོངས་གཙོ་ཅན་༡ པ་དང་༣ དེ་ལས་༤ པ་དང་ རིན་ཆེན་ལྡིངས་ས་ཁོངས་ཡང་ཚུདཔ་ཨིན་པས།

མི་མང་བརྟག་དཔྱད་སྐབས་ལུ་ རྒྱ་ཁྱབ་ས་ཁོངས་༣ ཆ་རའི་ནང་ འགྲོ་འགྲུལ་བཀག་དམ་འབད་ནི་ཨིནམ་ད་ ཕྱིར་བཙོང་དང་ ནང་འདྲེན་ག་ར་མཚམས་འཇོག་འབད་ནི་དང་ སོར་ཅན་བརྒྱུད་དེ་ དོས་ཆས་སྐྱེལ་འདྲེན་དང་ ཁྱིམ་ནང་ཉེར་མཁོའི་ཅ་ཆས་སྐྱེལ་སྤྲོད་འབད་ནི་ཚུ་ཡང་ མཚམས་འཇོག་འབད་ནི་ཨིན་པས།

དེ་གིས་མ་དོ་བར་ དམིགས་བསལ་དུ་ སྤྱི་ཟླ་༦ པའི་ཚེས་༡༠ དང་༡༡ ལུ་ རྒྱ་ཁྱབ་ས་ཁོངས་༣ ནང་ ནད་ཡམས་ཀྱི་ བརྟག་དཔྱད་འབདཝ་ད་ ཨ་ལེ་ས་ཐོག་ཅ་དམ་ཡིག་ཚང་ སྒོ་བསྡམ་ནི་ཨིནམ་མ་ཚད་ རྒྱ་ཁྱབ་ས་ཁོངས་༢ པ་ནང་ཚུད་མི་ དོས་ཕབ་བཀལ་དང་ སྣུམ་འཁོར་ཊཱག་བཞག་སའི་ ས་ཁོངས་དེ་ཡང་ སྒོ་བསྡམ་ནི་ཨིན་པས།

ལྷོ་ཕྱོགས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ཕུན་ཚོགས་གླིང་ལུ་ འགྲོ་འགྲུལ་བཀག་དམ་ ལྷོད་ཡངས་ཀྱི་ གྲོས་ཐག་བཅད་ནི་དེ་ ད་རིས་ཀྱི་ བརྟག་དཔྱད་གྲུབ་འབྲས་ཚུ་ལུ་ རག་ལས་འོང་ཟེར་ བཀོད་ཡོདཔ་ཨིན་པས།

ས་གནས་ཀྱི་ མི་ཚུ་གིས་ ནད་ཡམས་བཀག་ཐབས་ལུ་ མི་མང་བརྟག་དཔྱད་འབད་ནི་དེ་ གྲོས་ཆོད་ལེགས་ཤོམ་ཅིག་ཨིན་མས་ཟེར་ བཤདཔ་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༤ ལས་ཚུར་ ཕུན་ཚོགས་གླིང་ལུ་ མི་སྡེ་ནང་ལས་ ཀོ་བིཌ་-༡༩ ཐོབ་མི་ ཕུད་རྡོག་གཅིག་ཡང་ མ་ཐོན་པས། 

ཁ་ཙ་ མི་༢ ལུ་ ནད་འབུབ་ཐོབ་སྟེ་ཡོདཔ་ བདའ་ཟུན་མི་དེ་ ཧེ་མ་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་བ་འཐབ་མི་ཨིན་པས།

ས་མཚམས་ཁྲོམ་སྡེ་དེ་ སྤྱི་ཟླ་༤ པའི་ཚེས་༡༧ ལས་ འགྲོ་འགྲུལ་བཀག་དམ་འབད་ཞིནམ་ལས་ཚུར་ ད་རིས་ ཉིན་གྲངས་༥༦ ལང་དོ་ཡོདཔ་ད་ འགྲུལ་སྐྱོད་བཀག་དམ་༣ པ་དེ་ ཕུན་ཚོགས་གླིང་གི་ སློབ་གྲྭ་ཅིག་ནང་ལས་ སྐྱེས་ལོ་༡༠ ལང་མི་ སློབ་ཕྲུག་བུཚ་ཅིག་ལུ་ ཀོ་བིཌ་-༡༩ འི་ནད་རྟགས་ཐོན་པའི་ཤུལ་ལུ་ འགྲོ་འགྲུལ་ལས་འགོ་བཙུགས་ སློབ་གྲྭ་དང་ ཡིག་ཚང་ གཙུག་སྡེ་ ལས་འཛིན་དང་ སྒེར་སྡེ་ཡིག་ཚང་ ཚོང་འབྲེལ་ཁང་ལ་སོགས་པ་ སྒོ་བསྡམས་ཡོད་པའི་གནས་ཚུལ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *