ཕུན་ཚོགས་གླིང་ལུ་སྡོད་མི་ སློབ་ཕྲུག་ཚུ་ ཁོང་རའི་སློབ་གྲྭ་ནང་ ལོག་འགྱོ་བའི་བསྒང་།

ཕུན་ཚོགས་གླིང་ལུ་སྡོད་མི་ སློབ་ཕྲུག་ཚུ་ ཟུར་བཞག་ནང་བཙུགས་ཡོདཔ།

༉ ཕུན་ཚོགས་གླིང་ལུ་སྡོད་མི་ ཆུ་ཁ་སྟོད་ཀྱི་ སློབ་གྲྭའི་ཨ་ལོ་ཚུ་ སྤྱི་ཟླ་༣ པའི་ཚེས་༣ ལུ་ རང་སོའི་སློབ་གྲྭ་ནང་ ལོག་བཏང་ཡོདཔ་ད་ སློབ་ཕྲུག་ཚུ་གི་གྲས་ལས་༣༣༢ བུམོ་ཨིན་པས།

ཕུན་ཚོགས་གླིང་ལུ་ ཟུར་བཞག་ས་ཁོངས་ མེད་མི་ལུ་བརྟེན་ སློབ་ཕྲུག་ཚུ་ སྐམ་སྦྱིས་དང་ སྤག་ཤིང་ཁ་སློབ་གྲྭ་ལྟེ་བ་ཚུ་ནང་ ཟུར་བཞག་ཡོདཔ་ཨིན་པས།

སློབ་ཕྲུག་ཚུ་ སྤྱི་ཟླ་༤ པའི་ཚེས་༣ ལུ་ ཕུན་ཚོགས་གླིང་ལས་ བཏང་ཡོདཔ་ད་ ད་རེས་ ཁོང་ཆ་ཁྱབ་ ཟུར་བཞག་ནང་ ཡོདཔ་ཨིན་པས།

སློབ་ཕྲུག་ཚུ་གི་གྲས་ལས་ སློབ་གསར་སློབ་རིམ་ལས་ སློབ་རིམ་༨ པ་ཚུན་འབད་མི་༢༥༢ འབད་མི་ཚུ་ སྐམ་སྦྱིས་སློབ་གྲྭ་ལྟེ་བའི་ནང་ བཞག་ཡོདཔ་ད་ ལྷག་ལུས་ སློབ་རིམ་༩ པ་ལས་༡༢ ཚུན་འབད་མི་ སློབ་ཕྲུག་༤༠༦ སྤག་ཤིང་ཁ་སློབ་གྲྭ་ལྟེ་བའི་ནང་ བཞག་ཡོདཔ་ཨིན་པས།

སྐྱེལ་འདྲེན་དང་ ཟུར་བཞག་མཐུན་རྐྱེན་ཚུ་ཡང་ ཕུན་ཚོགས་གླིང་ དྲུང་ཁག་ཤེས་རིག་འགོ་དཔོན་གྱིས་སྦེ་ གྲ་སྒྲིག་འབད་ཡོདཔ་ཨིན་པས།

དྲུང་ཁག་ཤེས་རིག་འགོ་དཔོན་ འཆི་མེད་ཚེ་དབང་གི་ སླབ་མིའི་ནང་ སློབ་རིམ་༩ པ་དང་༡༢ པ་འབད་མི་ སློབ་ཕྲུག་ཚུ་ ཆུ་ཁ་ལུ་ཡོད་པའི་ རང་སོའི་སློབ་གྲྭ་ཚུ་ནང་ ལོག་འགྱོ་དོ་ཡོདཔ་ཨིན་རུང་ ལོག་ཅི་ནང་འབྲིང་རིམ་སློབ་གྲྭ་འོག་མ་དང་ དབང་འདུས་དགའ་ཚལ་སློབ་གྲྭ་ཆུང་བ་ དེ་ལས་ རང་རྒྱལ་ཏུང་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་ མཐར་འཁྱོལ་སོཔ་ལས་ སློབ་གྲྭ་གཞན་ཁར་ བཏངམ་ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སློབ་ཕྲུག་ཚུ་ ཕུན་ཚོགས་གླིང་ལུ་ ཟུར་བཞག་འབད་ཐབས་ མ་འབྱུང་ཟེར་ཨིན་རུང་ སློབ་གྲྭ་ཚུ་ནང་ ཟུར་བཞག་འབད་ནིའི་དོན་ལུ་ ཀོ་བིཌ་ལས་བྱེད་ཚོགས་ཆུང་ལས་ གནང་བ་ཐོབ་ཅི་ཟེར་ཨིན་པས།

སློབ་ཕྲུག་ཚུ་ སྤྱི་ཟླ་༤ པའི་ཚེས་༩ ལུ་ ཀོ་བིཌ་བརྟག་དཔྱད་འབད་ཐོག་ལས་ སློབ་གྲྭ་ཚུ་ནང་ གཏང་ནི་ཨིན་ཟེར་ཨིན་པས།

འཆི་མེད་ཚེ་དབང་གིས་ སླབ་མིའི་ནང་ མ་གཞི་ བློ་གསར་སློབ་རིམ་ལས་ སློབ་རིམ་༨ པ་ཚུན་གྱི་ སློབ་སྟོན་ཚུ་ འདས་པའི་ཟླཝ་ནང་ལས་ར་ འགོ་བཙུགས་ཡོདཔ་ཨིན་རུང་ སློབ་ཕྲུག་ལེ་ཤ་ཅིག་ར་ འགྱོ་མ་ཚུགས་ཟེར་ཨིན་པས།

སློབ་རིམ་༩ པ་དང་༡༢ པ་ཚུ་འབད་བ་ཅིན་ ད་རེས་ཁམས་ཚུན་ཚོད་ར་ ཆོས་རྒྱུགས་རྐྱབ་སྟེ་ སྡོད་ཡོདཔ་ད་ སློབ་གྲྭ་ཚུ་ སྤྱི་ཟླ་༤ པའི་ཚེས་༡ ལས་རྐྱངམ་གཅིག་ འགོ་བཙུགས་ཡི་ཟེར་ སླབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *