གཞལམ་སྒང་ལུ་ལྷོད་མི་ སློབ་ཕྲུག་དང་ ཕམ་ཚུ་གིས་ ཅ་ཆས་ཚུ་ སྐྱེལ་བའི་བསྒང་།

ཕུན་ཚོགས་གླིང་གི་ སློབ་ཕྲུག་ཚུ་ ཤེལ་མ་སྒང་ཁ་སློབ་གྲྭ་ཆུང་བའི་ནང་ བསྐྱལ་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༡ ལུ་ ཕུན་ཚོགས་གླིང་དྲུང་ཁག་འོག་གི་ སློབ་གྲྭ་ཁག་ཚུ་ནང་ལས་ སློབ་ཕྲུག་༥༧ ཤེལ་མ་སྒང་ཁ་སློབ་གྲྭ་ཆུང་བའི་ནང་ བསྐྱལ་ཡོདཔ་ད་ འགྲུལ་འཁོར་བཱསི་༣ ནང་ རང་སོའི་ཕམ་ཚུ་དང་གཅིག་ཁར་འོང་མི་ སློབ་ཕྲུག་ཚུ་ རྫོང་ཁག་ཤེས་རིག་འགོ་དཔོན་གྱིས་ ཁ་དར་རེ་ བཏགས་བྱིན་ཡོདཔ་ཨིན་པས།ཆུ་ཁ་ཤེས་རིག་ཡིག་ཚང་གིས་ དེ་སྦེ་ འགོ་འདྲེན་འཐབ་མི་དེ་ཡང་ ཤེལ་མ་སྒང་ཁ་སློབ་གྲྭ་ནང་ མཐུན་རྐྱེན་མཁོ་ཆས་ལེགས་ཤོམ་ཡོད་རུང་ སློབ་ཕྲུག་གི་གྱངས་མ་ལང་པའི་ དཀའ་ངལ་ཐོན་མི་ལུ་བརྟེན་ཨིནམ་ད་ ཁ་ཙ་ཚུན་ལུ་ སློབ་གྲྭ་དེ་ནང་ སློབ་ཕྲུག་༥༠ ལས་མེདཔ་ཨིན་པས། སློབ་གྲྭ་དེ་ནང་ གཞུང་པ་༧༢ བརྩིས་ཏེ་ སློབ་ཕྲུག་༣༠༠ དེ་ཅིག་གི་ ཤོང་ཚད་ཡོད་རུང་ ད་ལྟོ་ སློབ་ཕྲུག་༡༠༧ གུ་ ལྷོད་ནི་ཨིན་པས།ཆུ་ཁ་རྫོང་ཁག་ཤེས་རིག་འགོ་དཔོན་གོངམ་ ཀུན་ལེགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ སློབ་གྲྭ་དེ་ནང་ མཐུན་རྐྱེན་གོང་འཕེལ་གྱི་ལཱ་ཚུ་ སྤྱི་ལོ་༢༠༡༥ ལུ་ གཞི་བཙུགས་འབད་ཡོད་མི་དེ་ཡང་ ཉེ་འདབས་ཀྱི་ སློབ་གྲྭ་ཆུང་བ་ཚུ་ གཅིག་ཁར་བསྡོམས་ནི་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།ཀུན་ལེགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ སྤག་སྒར་དང་ རིན་ཆེན་གླིང་ དེ་ལས་ སློབ་གཉེར་ཁ་སློབ་གྲྭ་ཆུང་བ་ཚུ་ རྒྱ་སྐྱེད་སློབ་ཁང་ལུ་ སོར་ནིའི་དོན་ལུ་ ངོས་འཛིན་འབད་དེ་ཡོདཔ་ལས་ སློབ་གྲྭ་དེ་ནང་ བསྡབ་དགོཔ་སྦེ་ཨིན་ཟེར་ཨིན་པས།ཨིན་རུང་ མི་སྡེའི་དང་འདོད་དང་འཁྲིལ་ སློབ་གྲྭ་༣ ཤེལ་མ་སྒང་ཁ་སློབ་གྲྭ་དང་གཅིག་ཁར་ བསྡབ་མ་ཚུགས་ཟེར་ ཀུན་ལེགས་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།ད་རེས་ནངས་པ་ སྤ་སྒར་སློབ་གྲྭ་ཆུང་བ་ནང་ སློབ་ཕྲུག་༡༩ དང་ རིན་ཆེན་སྡིངས་སློབ་གྲྭ་ཆུང་བ་དང་ སློབ་གཉེར་ཁ་སློབ་གྲྭ་ཆུང་བ་༢ ནང་ སློབ་ཕྲུག་༣༢ རེ་ཡོདཔ་ད་ ཤེལ་མ་སྒང་ཁ་སློབ་གྲྭ་ནང་འབད་བ་ཅིན་ སྤྱི་ལོ་༢༠༡༧ ལུ་ སློབ་ཕྲུག་༥༥ དང་ སློབ་དཔོན་༤ ཡོད་མི་ལས་ ད་རེས་ སློབ་དཔོན་༢ ཐེབས་བཙུགས་ཏེ་ཡོད་ནི་དེ་གིས་ སློབ་ཕྲུག་ཚུ་སེམས་དགའ་སྟེ་ཡོདཔ་ཨིན་པས།སྐྱེས་ལོ་༡༠ ལང་མི་ བཤོལ་དགོན་གཡུས་ཚན་ནང་ལས་ སློབ་རིམ་༤ པའི་སློབ་ཕྲུག་ པདྨ་ལྷ་མོ་གིས་ སླབ་མིའི་ནང་ སློབ་གྲྭ་གསརཔ་ལྷོད་དེ་ ཆ་རོགས་མངམ་ཡོད་ནི་དེ་གིས་ ཆ་རོགས་ཚུ་དང་གཅིག་ཁར་ རྩེདམོ་རྩེ་ནི་དང་ དཔེ་ཆ་ལྷབ་ནིའི་ གོ་སྐབས་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།དེ་ཡང་ སློབ་གྲྭ་དེ་ནང་འབག་འོང་མི་ སློབ་ཕྲུག་༥༧ ལས་༥༥ དཔག་བསམ་ཁ་ བསམ་འཕེལ་གླིང་ ཆུ་མིག་ཐང་ སློབ་གྲྭ་བར་མའི་སློབ་ཕྲུག་ཚུ་ཨིནམ་ད་ ས་ཐག་རིང་ས་ལས་འོང་ནི་དེ་གིས་ སློབ་གྲྭའི་མཐའ་འཁོར་དང་ དཔག་བསམ་ཁ་ལུ་ ཁྱིམ་ཁང་གླར་ལེན་ཏེ་ སྡོད་ཡོདཔ་ཨིན་པས།སྐྱེས་ལོ་༡༠ འབད་མི་ སློབ་ཕྲུག་ཅིག་གི་ཨའི་ ས་རི་ཀ་རའི་གིས་ སླབ་མིའི་ནང་ བ་ལུ་ཇོ་ར་དང་ བའི་ནི་ཇོ་ར་ རོང་ཆུ་༢ གནམ་བྱཱར་གྱི་དུས་ཚོད་ལུ་ བྲེས་མི་ལུ་བརྟེན་ ཨ་ལོ་ཚུ་ སློབ་གྲྭར་གཏང་ནི་ལུ་ དཀའ་ངལ་སྦོམ་སྡོད་ཡི་ཟེར་ཨིན་པས།སློབ་ཕྲུག་ས་ཝཱསི་ཊི་ཀ་གིས་ སླབ་མིའི་ནང་ ད་ལས་ཕར་ མོ་དང་ མོ་རའི་ཕོ་རྒནམ་༢ ཨ་རྟག་བཟུམ་སྦེ་ བཞེས་སྒོ་འབད་མ་དགོ་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།སློབ་གྲྭ་གསརཔ་གི་ སྤྱི་དོན་ཁང་དང་ ཐབ་ཚང་ ཉལ་ཁྱིམ་ སློབ་དཔོན་གྱི་སྡོད་ཁྱིམ་ དེ་ལས་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ གཞུང་གི་མ་དངུལ་ དངུལ་ཀྲམ་ས་ཡ་༢༥ ལྷགཔ་ཅིག་ གནས་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *