ཕུན་ཚོགས་གླིང་ཁྲོམ་ཁར་ སྨྱོ་རྫས་ལག་ལེན་འཐབ་མི་ ཡར་སེང་སོང་ཡོདཔ།

༉ སྤྱི་ལོ་༢༠༡༧ དང་ཕྱདཔ་ད་ དུས་ཅི་ ཕུན་ཚོགས་གླིང་ཁྲོམ་ཁར་ སྨྱོ་རྫས་ལག་ལེན་འཐབ་མིའི་ གྱངས་ཁ་ཡར་སེང་སོང་ཡོདཔ་ཨིན་པས།
ཁ་ཙ་ཚུན་ཚོད་ ཁྲིམས་སྲུང་འགག་སྡེ་གིས་ མི་༩༩ འཛིན་བཟུང་འབད་དེ་ རྩོད་གཞི་ཁག་༩༥ ཐོ་བཀོད་འབད་ཡོདཔ་ད་ འཛིན་བཟུང་འབད་མི་ཚུ་ཡང་ མང་ཤོས་ར་ སྨྱོ་རྫས་ཨེསི་པི་ པ་ལཱསི་ལག་ལེན་འཐབ་མི་ཚུ་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༣༠ ལུ་ སྙན་ཞུ་འབད་མི་དེ་ནང་ རྒྱ་གར་གྱི་ས་གནས་ དི་ར་དཱུན་ལུ་ཡོད་མི་ མཐོ་རིམ་སློབ་གྲྭ་ཅིག་ནང་ ཤེས་ཡོན་སྦྱང་པའི་བསྒང་ཡོད་མི་ ན་གཞོན་ཅིག་ འགེགས་སྲུང་སྒོ་ར་༢ པ་ནང་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་དེ་གིས་ ཨེསི་པི་པ་ལཱསི་༡,༤༡༣ འཆང་སྟེ་ཡོདཔ་ བདའ་ཟུན་ཡོདཔ་ད་ དུས་ཅིའི་ལོ་ནང་ གནད་དོན་ཁག་༩༥ ཐོན་མི་ལས་༤༨ དེ་ ཁྲིམས་འགལ་ཐོག་ལས་ ཉོ་ཚོང་འཐབ་མི་དང་༣༨ འཆང་སྤྱོད་འབད་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ད་རུང་ མི་༥ ནག་ཚོང་འཐབ་མི་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ གནམ་དགུན་འགོ་བཙུགས་པའི་ ནམ་དུས་ལུ་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་དང་གཅིག་ཁར་ ན་འཐེན་འབད་དགོ་ཟེར་ཨིན་པས།
སློབ་ཕྲུག་མང་ཤོས་ར་ ཕུན་ཚོགས་གླིང་ལུ་ འོང་དོ་ཡོདཔ་མ་ཚད་ སྨྱོ་རྫས་ཨེསི་པི་པ་ལཱསི་དེ་ཡང་ ས་མཚམས་ལས་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་དོ་ཡོདཔ་ལས་ ཞིབ་དཔྱད་དེ་ཡང་ དམ་དམ་སྦེ་ འབད་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་སྡེ་གིས་ མི་༩༣ སྨྱོ་རྫས་ལག་ལེན་་དང་ ནག་ཚོང་འཐབ་པའི་ གནད་དོན་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ད་ ཕྱི་མི་༨ ཡང་ འཛིན་བཟུང་འབད་ཡོདཔ་ཨིན་པས།
འཛིན་བཟུང་འབད་མི་ལས་༧༡ དེ་ ཁྲིམས་སྲུང་འགག་སྡེ་དང་གཅིག་ཁར་ ཐོ་བཀོད་འབད་དེ་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ མི་༡༢༦ འཛིན་འབད་དེ་ རྩོད་གཞི་ཁག་༨༦ ཁྲིམས་ཀྱི་འདུན་སར་ ཐོ་བཀོད་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ ཁྲིམས་སྲུང་འགག་སྡེ་གིས་ སྨྱོ་རྫས་ལག་ལེན་འཐབ་མི་༡༠༧ འཛིན་བཟུང་འབད་དེ་ རྩོད་གཞི་ཁག་༨༣ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *