པདྨ་དགའ་ཚལ་ལུ་ ཁྱད་ཚད་ལྡན་པའི་མི་ངོམ་ བརྒྱ་ཆ་༨༣.༤ གིས་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༧ ལས་༩ ཚུན་ ཉིན་གྲངས་༣ གྱི་རིང་ པདྨ་དགའ་ཚལ་ལུ་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་གྱི་ ས་ཁོངས་ཚུ་ནང་ ཚོགས་རྒྱན་བཙུགས་མི་བརྒྱ་ཆ་༨༣.༤ གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་གྱི་ ས་ཁོངས་༣ ནང་ ཚོགས་རྒྱན་བཙུགས་མི་བསྡོམས་༢,༤༩༢ ཀྱིས་ ཐོ་བཀོད་འབད་མིའི་གྲས་ལས་༢,༠༧༥ གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ད་ དེ་ནང་ ཕོ་སྐྱེས་༩༤༣ དང་ ཨམ་སྲུ་༡,༡༣༢ ཡོདཔ་ཨིན་པས།

པདྨ་དགའ་ཚལ་འབྲིང་རིམ་སློབ་གྲྭ་བར་མའི་ འགྲེམ་ཐོག་ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་༩༦༡ གིས་ ཐོ་བཀོད་འབད་ཡོད་མི་ལས་༨༠༠ གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་བཞིན་དུ་ ངང་ལམ་སློབ་གྲྭ་ལྟེ་བའི་ནང་ ཚོགས་རྒྱན་བཙུགས་མི་ བསྡོམས་༩༣༠ གིས་ ཐོ་བཀོད་འབད་མི་ལས་ མི་༧༥༨ ཀྱིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

དེ་ལས་ གདུང་བསམ་རྩི་ས་ལས་འཛིན་གྱི་ ས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་༥༡༧ གྱིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ད་ ས་ཁོངས་དེ་གི་དོན་ལུ་ ཚོགས་རྒྱན་བཙུགས་མི་༦༠༡ ཐོ་བཀོད་འབད་མིའི་གྲས་ལས་ ཕོ་སྐྱེས་༣༡༣ དང་ ཨམ་སྲུ་༢༨༨ ཡོདཔ་ཨིན་པས།

དེ་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་གྱི་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ས་ཁོངས་༤ ནང་ ཚོགས་རྒྱན་བཙུགས་མི་༤,༣༩༡ གིས་ ཐོ་བཀོད་འབད་མིའི་གྲས་ལས་ ཕོ་སྐྱེས་༡,༥༠༧ དང་ ཨམ་སྲུ་༡,༩༥༢ བརྩིས་ཏེ་ བསྡོམས་༣,༤༥༩ གིས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ བཙུགས་ཡོདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་འབྲིང་རིམ་སློབ་གྲྭ་བར་མའི་ ས་ཁོངས་ནང་ ཕོ་སྐྱེས་༩༠༧ དང་ ཨམ་སྲུ་༡,༠༥༥ འབདཝ་ད་ བསྡོམས་༡,༩༦༢ ཀྱིས་ ཐོ་བཀོད་འབད་མི་ལས་༡,༦༡༡ གིས་ ཚོགས་རྒྱན་བཙུགས་མིའི་ནང་ ཕོ་སྐྱེས་༧༣༢ དང་ ཨམ་སྲུ་༨༧༩ ཡོདཔ་ཨིན་པས།

བསམ་གྲུབ་ཆོས་གླིང་དྲུང་ཁག་ ཕུན་ཚོགས་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ ཕོ་སྐྱེས་༢༢༠ དང་ ཨམ་སྲུ་༢༢༣ བརྩིས་ཏེ་ བསྡོམས་༤༤༣ གྱིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ད་ ས་ཁོངས་དེ་ནང་ ཚོགས་རྒྱན་བཙུགས་མི་༥༧༥ གིས་ ཐོ་བཀོད་འབད་མིའི་ནང་ ཕོ་སྐྱེས་༢༨༥ དང་ ཨམ་སྲུ་༢༩༠ ཡོདཔ་ཨིན་པས།

བདེ་བ་ཐང་ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭའི་ ས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་ ཕོ་སྐྱེས་༦༧༠ དང་ ཨམ་སྲུ་༨༡༥ བརྩིས་ཏེ་ བསྡོམས་༡,༤༨༥ གིས་ ཐོ་བཀོད་འབད་མི་ལས་ ཕོ་སྐྱེས་༤༥༥ དང་ ཨམ་སྲུ་༦༤༡ གིས་ འགྲེམ་ཐོག་ཚོགས་རྒྱན་ བཙུགས་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཇོ་མོ་གཙང་ཁ་དྲུང་ཁག་ ཇོ་མོ་གཙང་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ནང་ ཚོགས་རྒྱན་བཙུགས་མི་༣༦༩ གིས་ ཐོ་བཀོད་འབད་ཡོད་མི་ལས་ ཕོ་སྐྱེས་༡༠༠ དང་ ཨམ་སྲུ་༢༠༩ བརྩིས་ཏེ་ བསྡོམས་༣༠༩ གིས་ འགྲེམ་ཐོག་ཚོགས་རྒྱན་ བཙུགས་ཡོདཔ་ཨིན་པས།

པདྨ་དགའ་ཚལ་གྱི་ ཚོགས་རྒྱན་འགོ་དཔོན་གྱིས་ ཉིན་གྲངས་༢ ཀྱི་ ཁ་གསོའི་སློབ་སྦྱོང་དེ་ ས་ཁོངས་༣ ནང་ ད་རིས་ལས་ འགོ་བཙུགས་ཡོདཔ་ད་ ངང་ལམ་ལུ་ འགོ་དཔོན་༡༡༥ དེ་ཅིག་དང་ མཁར་-གཡུ་རུང་ལུ་ འགོ་དཔོན་༡༣༥ དེ་ལས་ ན་ནོང་-ཤུ་མར་ལུ་ འགོ་དཔོན་༡༢༠ དེ་ཅིག་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་གྱི་ ཚོགས་རྒྱན་འགོ་དཔོན་གྱི་ ཉིན་གྲངས་༢ ཀྱི་ ཁ་གསོའི་སློབ་སྦྱོང་དེ་ ད་རིས་ མཇུག་བསྡུ་ནི་དང་ བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ཀྱི་ ཁ་གསོའི་སློབ་སྦྱོང་དེ་ བསམ་གྲུབ་ལྗོངས་མཁར་འབྲིང་རིམ་སློབ་གྲྭ་བར་མའི་ནང་དང་ མར་ཚ་ལ་-ཇོ་མོ་གཙང་ཁ་འདེམས་ཁོངས་ཀྱི་དོན་ལུ་ བསམ་གྲུབ་ལྗོངས་མཁར་སློབ་གྲྭ་ཆུང་བའི་ནང་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *