ནད་ཡམས་ཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་༡,༡༡༩ ལུ་ལྷོད་ཡོདཔ།

༉ ཁ་ཙ་ སྐྱེས་ལོ་༡༠ ལས་༣༥ འི་བར་ན་འབད་མི་ འབྲུགཔ་༨ ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོད་པའི་ མངོན་གསལ་བྱུང་ནུག།

དེ་ཡང་ ཕོ་༣ དང་མོ་༥ ཨིནམ་ད་ ཁོང་གི་གྲས་ལས་ ནདཔ་༣ རྒྱལ་ཁབ་ཕྱི་ཁ་ལས་ ལྷོད་པའི་ཤུལ་ལས་ སྤ་རོ་དང་ ཕུན་ཚོགས་གླིང་ལུ་ ཟུར་བཞག་མཐུན་རྐྱེན་ནང་ བཞག་མི་ལས་ བདའ་ཟུན་ཡོདཔ་ད་ ནདཔ་༡ ཧེ་མ་ཕུན་ཚོགས་གླིང་ལུ་ ནད་འབུབ་ཐོབ་མི་དང་ འབྲེལ་བ་འཐབ་མི་ཨིན་པས།

མི་༡ ལུ་ ནད་འབུབ་ཐོབ་མི་དེ་ མི་མང་བརྟག་དཔྱད་འབདཝ་ད་ བདའ་ཟུན་པའི་ཁར་ ནད་འབུབ་ཐོབ་མི་༢ ཕུན་ཚོགས་གླིང་ལུ་ སྒྲིག་གཡོག་རྒྱུག་མི་ཨིནམ་མ་ཚད་ བསམ་གྲུབ་ལྗོངས་མཁར་ལུ་ མི་སྡེ་ནང་ལས་ ཨམ་སྲུ་༡ ལུ་ ནད་འབུབ་ཐོབ་ཡོདཔ་ ངོས་བཟུང་འབད་ནུག།

དེ་ལས་ འདས་པའི་ཆུ་ཚོད་༢༤ ནང་ མི་༦ ནད་ཡམས་ལས་ དྲག་ཡོདཔ་སྦེ་ གསོ་བ་ལྷན་ཁག་གིས་ གསལ་བསྒྲགས་འབདཝ་ཨིན་པས།

འབྲུག་ལུ་ ཀོ་བིཌ་-༡༩ ཐོབ་མིའི་གྱངས་ཁ་༡,༡༡༩ ལུ་ ལྷོད་ཡོད་མི་ལས་ ད་ལྟོ་ རྐྱང་གནས་ཟུར་བཞག་ནང་ ཕོ་༧༥ དང་མོ་༤༤ འབདཝ་ད་ ནདཔ་བསྡོམས་༡༡༩ ཡོད་ཟེར་བཀོད་ནུག།

དེ་ལས་ ཕུན་ཚོགས་གླིང་ལུ་ སྤྱི་ཟླ་༤ པའི་ཚེས་༣༠ ལས་ སྤྱི་ཟླ་༥ པའི་ཚེས་༢ ཚུན་ ཉིན་གྲངས་༣ གྱི་རིང་ མི་མང་ལུ་ ནད་ཡམས་ཀྱི་ བརྟག་དཔྱད་འབད་བའི་སྐབས་ དཔེ་ཚད་༨,༡༣༡ ལེན་ཡོད་མི་ལས་ མི་༤ ལུ་ ནད་རྟགས་ཐོན་ཡོད་པའི་གནས་ཚུལ།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *