ནད་གཞི་ཀེན་སར་འཛིན་སྐྱོང་གི་ ཐབས་ལམ་གཅིག་མཚུངས་ བཟོ་དགོ་པའི་ཞུ་བསྐུལ།

༉ འབྲུག་རྒྱལ་ཁབ་ནང་ ནད་གཞི་ཀེན་སར་ཚུ་གི་གྲས་ལས་ ཕོཝ་གི་ཀེན་སར་དེ་ ཁྱབ་ཆེ་དྲགས་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཀེན་སར་ཚོགས་སྡེ་གིས་ བཀོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ཤར་ལྷོ་ཨེ་ཤི་ཡ་ སཱག་ལུང་ཕྱོགས་ཀྱི་ རྒྱལ་སྤྱི་ཀེན་སེར་ཞལ་འཛོམས་ ཐེངས་༡༣ པ་ འགོ་འདྲེན་འཐབ་པའི་སྐབས་ ཞིབ་འཚོལ་པ་དང་ འགོ་དཔོན་ དེ་ལས་ ཀེན་སར་གྱི་ ནད་གཞི་དང་འབྲེལ་བའི་ ལཱ་འབད་མི་ཚུ་གི་བར་ན་ སཱག་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ ཀེན་སར་ནད་གཞིའི་ ཕན་གནོད་ཀྱི་ ཞིབ་འཚོལ་དང་ དེའི་གནས་སྡུད་ ངེས་བདེན་ཡོད་མེད་ཀྱི་སྐོར་ལས་ གྲོས་བསྡུར་འབདཝ་ད་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ཁྱབ་ཆེ་དྲགས་ཡོད་པའི་ ཕོཝ་ཀེན་སར་གྱི་ཤུལ་ལས་ར་ མངལ་སྒོའི་ཀེན་སར་ཨིནམ་ད་ དེ་གི་ཤུལ་ལས་ མགུ་ཏོ་དང་ ལྟག་ལྐོག་ གློཝ་དང་ ལྐོདམ་གི་ཀེན་སར་ཚུ་ཨིན་པས།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ འཛམ་གླིང་ནང་ ཤི་རྐྱེན་བྱུང་མི་མང་ཤོས་ར་ ཀེན་སར་གྱི་ ནད་གཞི་ལུ་བརྟེན་ ཨིནམ་བཞིན་དུ་ འབྲུག་ལུ་ ཀེན་སར་གྱིས་ མི་ཤི་འོང་ཟེར་བའི་ འདྲོག་བྱེལ་འཐབ་སྟེ་ཡོད་ཟེར་བཤད་ཅི།
གསོ་བའི་བློན་པོ་གིས་འབད་བ་ཅིན་ འཛམ་གླིང་གསོ་བའི་ཚོགས་སྡེ་གི་ གནས་སྡུད་དང་འཁྲིལ་བ་ཅིན་ ལོ་ངོ་བཅུ་ཕྲག་གཅིག་གི་རིང་ལུ་ ཀེན་སེར་གྱི་ནདཔ་ཚུ་ ཡར་དྲག་སོང་སྟེ་མིན་འདུག་ཟེར་ཨིནམ་ད་ ནདཔ་ཚུ་གི་དོན་ལས་ གྲོགས་རམ་འབད་བ་ཅིན་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་བཤད་ཅི།
མོ་གིས་ སླབ་མིའི་ནང་ སཱག་ལུང་ཕྱོགས་ནང་ ནད་གཞི་ཀེན་སར་འཛིན་སྐྱོང་འཐབ་ནིའི་དོན་ལུ་ གཅིག་མཚུངས་བཟོ་དགོཔ་མ་ཚད་ ཀེན་སར་གྱི་ ནདཔ་ཚུ་གི་དོན་ལས་ ཞིབ་འཚོལ་དང་ རིག་རྩལ་བརྗེ་སོར་འབད་ནིའི་ནང་ཡང་ མཉམ་འབྲེལ་འབད་དགོཔ་འདུག་ཟེར་ཨིན་པས།
འབྲུག་གིས་ ཀེན་སར་ཞལ་འཛོམས་ཐེངས་༦ པ་དེ་ སྤྱི་ལོ་༢༠༡༡ ལུ་ འགོ་འདྲེན་འཐབ་ཡོདཔ་ད་ ཀེན་སར་ཞལ་འཛོམས་གཞི་བཙུགས་འབད་མི་ མཁས་དབང་ཨབ་དུལ་ཀ་རིམ་གྱིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ མོ་ནད་མཁས་མཆོག་ ཌོག་ཊར་ཨོ་རྒྱན་མཚོ་མོ་གིས་ སླབ་མིའི་ནང་ མངལ་སྒོ་དང་ཁྲག་ དེ་ལས་ ལྐོད་མའི་ཀེན་སར་གྱི་ནད་གཞི་རྐྱངམ་གཅིག་མ་གཏོགས་ ནད་གཞི་གཞན་ཚུ་ རྒྱལ་ཁབ་ནང་ར་ སྨན་བཅོས་འབད་དོ་ཟེར་ཨིནམ་ད་ ཧེ་མ་ ཀེན་སར་གྱི་ནདཔ་༥༠༠ ཕྱིའི་རྒྱལ་ཁབ་ནང་ བཏང་ཡོད་རུང་ ད་རེས་༣༠༠ ལུ་ མར་བབས་སོང་ཡི་ཟེར་ བཤདཔ་ཨིན་པས།
འབྲུག་ལུ་ ཀེན་སར་གྱི་ནད་གཞི་ ཐོ་བཀོད་འབད་ནི་དེ་ སྤྱི་ལོ་༢༠༡༤ ལུ་ འགོ་བཙུགས་ཡོདཔ་ད་ ཀེན་སར་དང་འབྲེལ་བ་ཡོད་པའི་ ནད་གཞི་གསརཔ་༢,༦༠༠ སྤྱི་ལོ་༢༠༡༧ ལུ་ ཐོ་བཀོད་འབད་ཡོདཔ་མ་ཚད་ གནས་སྡུད་ག་ར་ དབྱེ་དཔྱད་ཀྱི་དོན་ལས་ རྒྱ་གར་ལུ་ བཏང་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ཀེན་སར་གྱི་སྨན་བཅོས་ ཡར་དྲག་གཏང་ནིའི་དོན་ལུ་ མཁས་མཆོག་དང་ གཞི་རྟེན་མཐུན་རྐྱེན་ དེ་ལས་ མཁོ་ཆས་ཚུ་ལུ་ གཙོ་བོར་བཏོན་ནི་ཨིནམ་ད་ ཀེན་སར་གྱི་ སྨན་ཁང་རྐྱབ་ནིའི་དོན་ལུ་ རྒྱ་གར་གཞུང་གིས་ ཁས་བླངས་འབད་ཡོདཔ་ལས་ ཀེན་སར་གྱི་ནད་གཞི་ སྨན་བཅོས་འབད་ནི་ལུ་ ཕན་ཐོགས་འོང་ཟེར་ ཌོག་ཊར་ཨོ་རྒྱན་མཚོ་མོ་གིས་ བཤད་ཡོད་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *