ན་རང་ལུ་ མཆོད་རྟེན་སློང་ནི་གི་ དཔའ་བཅམ་མི་ཅིག་འཛིན་བཟུང་།

༉ མོང་སྒར་ན་རང་རྒེད་འོག་ མཁའ་ལོང་གཡུས་ཚན་ལས་ སྐྱེས་ལོ་༣༡ ལང་མི་ ཕོ་སྐྱེས་ཅིག་ མཆོད་རྟེན་ཨར་རྐུན་འབད་བའི་དོགས་པ་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དོགས་ཅན་དེ་གིས་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡ གི་ནུབ་མོར་ ན་རང་གུ་ས་ཕུག་ལུ་ཡོད་པའི་ བཀའ་དམ་མཆོད་རྟེན་དེ་སློངས་ཏེ་ ནང་གཟུངས་ཚུ་ བཏོན་ནི་གི་ དཔའ་བཅམ་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
མ་གཞི་ བཀའ་དམ་མཆོད་རྟེན་དེ་ ཧེ་མ་ལས་ མི་ངན་ཚུ་གིས་སློངས་ཏེ་ ནང་གཟུངས་ཚུ་ བཏོན་འབག་ནི་གི་ དཔའ་བཅམ་ཡོད་རུང་ བཏོན་མ་ཚུགས་པར་ ལུས་ཡོདཔ་ད་ དོགས་ཅན་ཕོ་སྐྱེས་དེ་གིས་ཡང་ ནང་གཟུངས་སློང་ནི་གི་ དཔའ་བཅམ་ནུག་ཟེར་ཨིན་པས།
དེ་གི་ནངས་པར་ མཆོད་རྟེན་སློངས་ཡོདཔ་ མཐོང་མི་དང་ རྒེད་འོག་འགོ་དཔོན་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་དང་ རྒེད་འོག་འགོ་དཔོན་ཚུ་ འཛོམས་ཐོག་ལུ་ མཆོད་རྟེན་ནང་ན་ ནང་གཟུངས་ཡོད་མེད་བརྟག་ཞིབ་འབད་བའི་སྐབས་ ནང་གཟུངས་ཚུ་ རྩི་ས་གིས་ བཟོ་སྐྲུན་འབད་མིའི་ནང་ན་ བཙུགས་ཏེ་ཡོདཔ་ལས་ ཨརཝ་རྐུ་མི་ཚུ་གིས་ འབག་མ་ཚུགས་པར་ ལུས་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་གྱི་སྐོར་ལས་ གསང་བའི་སྙན་ཞུ་ ཐོབ་པའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ ཞིབ་དཔྱད་མཇུག་བསྡུ་ཞིནམ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བརྩི་སྤྲོད་འབད་ནི་ཨིན་ཟེར་ བཤདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་ འདས་པའི་ལོ་ནང་ མཁའ་ལོང་སྤྱི་འོག་གི་ ཚོགས་པ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ད་རེས་ནངས་པར་ མི་༡༢ ཀྱིས་ མཆོད་རྟེན་སློངས་ཡོད་པའི་ ཉེས་བཤེར་འབད་དེ་མཇུག་བསྡུ་ནི་གུ་ལྷོད་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ གྲོས་ཆོད་ག་ཏོན་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *