ན་ཚོད་མ་སྨིན་པའི་ སློབ་ཕྲུག་བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད།

༉ ཁྲིམས་སྲུང་འགག་པ་ དཔལ་རྒྱབ་ཅིག་གིས་ ཁོ་རའི་བུ་གཡར་ སྐྱེས་ལོ་༡༥ འབད་མི་ བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོདཔ་ཨིན་པས།

གནས་ཚུལ་གྱི་ འབྱུང་ཁུངས་དང་འཁྲིལཝ་ད་ བྱ་ངན་དེ་ སྤྱི་ཟླ་༧ པའི་ཚེས་༡༠ གྱི་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ཁར་ བུམོ་དེ་གི་ཨའི་ ལཱ་འབད་བར་སོང་བའི་ཤུལ་ལུ་ བྱུང་ཡོདཔ་སྦེ་ཨིན་པས།

ཐིམ་ཕུག་ནང་འཁོད་ཀྱི་ སློབ་གྲྭ་ཅིག་ནང་ དཔེ་ཆ་ལྷབ་མི་ བུམོ་དེ་གིས་ མོ་རའི་ཆ་རོགས་ཚུ་ལུ་ རྐྱེན་ངན་དེའི་སྐོར་ལས་ ལོ་རྒྱུས་སླབ་པའི་ཤུལ་ལུ་ སློབ་གྲྭའི་དབུ་འཛིན་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།

དབུ་འཛིན་གྱིས་ སྤྱི་ཟླ་༩ པའི་ཚེས་༡༧ ལུ་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་བའི་ཚེ་ར་ ཉེས་ཅན་དེ་ འཛིན་བཟུང་འབད་ཡོདཔ་ཨིན་པས།

གནས་ཚུལ་བཤད་མི་དང་འཁྲིལཝ་ད་ མོ་ལུ་བྱ་ངན་འབད་བའི་སྐོར་ལས་ མོ་རའི་ཨའི་ལུ་ གསང་བཞག་མི་དེ་ཡང་ ཨའི་དེ་ འཕྲལ་འཕྲལ་སྦེ་ར་ ན་ནི་དེ་གིས་ཨིནམ་སྦེ་ འོང་ནི་མས་ཟེར་ཨིན་པས།

ཉེས་ཅན་དེ་གིས་ འགོ་དང་པ་ དུས་ཅི་ཟླ་༦ པའི་ནང་ དབང་བཙོང་འདོད་སྤྱོད་འབད་ཡོདཔ་སྦེ་ཨིནམ་ད་ ཁོ་གིས་ དུས་རྒྱུན་དུ་ བུམོ་དེ་གི་ཨོམ་དང་ མོ་མཚན་འཕུར་དོ་ཡོད་པའི་ ཤེས་རྟོགས་བྱུང་ནུག།

ཚན་རིག་བརྟག་དཔྱད་འགོ་དཔོན་གྱིས་ ཧེ་མ་ལས་ འདོད་སྤྱོད་འབད་ཡོད་པའི་ སྒྲུབ་བྱེད་གཏན་འཁེལ་ཐོན་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།

གལ་སྲིད་ བྱ་ངན་འབད་དེ་ དུས་ཡུན་ཆུ་ཚོད་༧༢ ཀྱི་ནང་འཁོད་ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཚན་རིག་བརྟག་དཔྱད་ཁང་ནང་ བསྐྱལ་བ་ཅིན་ བརྟག་དཔྱད་མཐིལ་ཕྱིན་འབད་ཚུགས་ཟེར་ཨིན་པས།

ཀུན་གསལ་གྱིས་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་ནིའི་དཔའ་བཅམ་རུང་ བདའ་ཟུན་མ་ཚུགས།

ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨེན་ཁང་ནང་ དེ་བཟུམ་མའི་ ཚན་རིག་བརྟག་དཔྱད་དང་འབྲེལ་བའི་ གནད་དོན་དེ སྤྱི་ལོ་༢༠༠༥ ལུ་༩ ཐོན་མི་དེ་ ན་ཧིང་ གནད་དོན་༦༥ ལུ་ ཡར་སེང་སོང་ཡོདཔ་སྦེ་ཨིན་པས།

སྤྱི་ལོ་༢༠༡༦ ལུ་ བརྟག་དཔྱད་ཁང་ནང་ གནད་དོན་༤༤ སྙན་ཞུ་འབད་ཡོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ གནད་དོན་༩ ཡར་སེང་སོང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *