ན་ཆུང་བུམོ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་རྩོད་བཤེར་ ཁྲིམས་འདུན་ལུ་གཏང་ནི།

༉ སྤྱི་ཟླ་༨ པའི་ཚེས་༢༡ ལུ་ སྤུ་ན་ཁ་ལུ་ སྐྱེས་ལོ་༢༧ ལང་མི་ཕོ་སྐྱེས་ཅིག་གིས་ ཁོ་རའི་གནས་ཚང་གི་སྲིངམོ་ སྐྱེས་ལོ་༡༧ ལང་མི་བུམོ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་ཡོདཔ་ད་ བྱ་ངན་དེ་ཡང་ དྲོ་པ་ཧ་སག་བྱུང་ཡོདཔ་བཞིན་དུ་ ཉམས་རྒུད་པའི་ཨ་པ་གིས་ ཕྱི་རུ་ཁམས་ཅིག་ཁར་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།

མཐོང་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཆང་གིས་འགྲངས་མི་ ཕོ་སྐྱེས་དེ་ ཁྱིམ་ནང་ལྷོད་ཞིནམ་ལས་ དབང་བཙོང་ཐོག་ ཉམས་རྒུད་པའི་ ཉལ་ཁང་ནང་འཛུལ་ཞིནམ་ལས་ བྱ་ངན་འབད་ནུག་ཟེར་ཨིན་པས།

བྱ་ངན་འབད་བའི་ཤུལ་ལུ་ ཉམས་རྒུདཔ་བུམོ་དེ་གིས་ མོ་རའི་ ཨ་ཞེམ་ཉལ་སར་ འབྱོག་སོང་ཞིནམ་ལས་ ཕོ་སྐྱེས་དེ་གིས་ མོ་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་སྐོར་ལས་ ལོ་རྒྱུས་ཚུ་སླབ་ཡོདཔ་ཨིན་པས།

དོགས་པ་ཅན་ཕོ་སྐྱེས་དེ་ ཁོ་རའི་གནས་ཚང་དང་ ཁ་ཐུག་རྐྱབ་པའི་སྐབས་ ཁོ་ཙིགཔ་ཟ་ཡོདཔ་ལས་ ཁོང་སྤུན་ཆ་༢ ཁྱིམ་ཚང་གི་ཁྱིམ་ནང་ ཞག་ཉལ་བར་སོང་ཡོདཔ་ཨིན་པས།

གནས་ཚུལ་བཤད་མི་དང་འཁྲིལཝ་ད་ ཉམས་རྒུད་པའི་ཨ་ཞེམ་དང་ རྨགཔ་དེ་ སྲིངམོ་ཆུང་ཤོས་དང་གཅིག་ཁར་ སྤུ་ན་ཁ་ལུ་ ཟླ་ངོ་དག་པ་ཅིག་གི་རིང་ སྡོད་ཡོདཔ་ད་ ཉམས་རྒུད་པའི་ཨ་པ་དེ་ སྤུ་ན་ཁ་ལུ་ ལཱ་འབད་བར་སོང་ཡོདཔ་ཨིན་པས།

ཨ་ཞེམ་དེ་གིས་ བྱུང་རྐྱེན་གྱི་སྐོར་ ཨ་པ་ལུ་ སླབ་ཞིནམ་ལས་ ཨ་པ་ཁྱིམ་ནང་འོང་སྟེ་ དོགས་པ་ཅན་ལུ་ དྲི་དཔྱད་འབདཝ་ད་ ཁ་བཟེད་ཡོདཔ་ཨིན་པས།

ཕྱི་རུའི་ཆུ་ཚོད་༨ དེ་ཅིག་ཁར་ ཨ་པ་གིས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ རྨགཔ་དེ་གིས་ ཧེ་མ་ཚར་ཅིག་ ཁྲིམས་སྲུང་འགག་པ་ལུ་ ཁ་བཟེད་ཡོད་རུང་ ཤུལ་ལས་ མི་བདེན་ཟེར་སླབ་ཡོདཔ་ཨིན་པས།

གསོ་བའི་སྙན་ཞུ་དང་འཁྲིལ་རུང་ ཉམས་རྒུདཔ་བུམོ་དེ་ ལུས་འབྲེལ་འབད་ཡོད་པའི་ རྟགས་མཚན་ཐོན་ནུག་ཟེར་ཨིནམ་ད་ དོགས་པ་ཅན་ ཕོ་སྐྱེས་དེ་ སྤུ་ན་ཁ་ འཛོམས་མི་རྒེད་འོག་ལས་ཨིན་པས།

དོགས་པ་ཅན་གྱིས་ རྫུན་ཁ་ལེན་མི་དང་ གསོ་བའི་སྙན་ཞུ་ལུ་ གཞི་འཛིན་ཐོག་ ཁྲིམས་སྲུང་འགག་སྡེ་གིས་ ཁྲིམས་འདུན་ལུ་ རྩོད་བཤེར་གྱི་དོན་ལུ་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *