དྲུང་ཆེན་གྱི་ཚོགས་ཆུང་ ལོག་གཞི་བཙུགས་འབད་ཡོདཔ།

༉ ཁ་ཙ་ བློན་ཆེན་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ ལོ་༤ གི་ཧེ་མར་ ཧྲམ་བཏང་མི་ དྲུང་ཆེན་གྱི་ཚོགས་ཆུང་དེ་ ད་ལྟོའི་གཞུང་གིས་ ལོག་གཞི་བཙུགས་འབད་ཡི་ཟེར་ཨིན་པས།
དྲུང་ཆེན་གྱི་ཚོགས་ཆུང་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་དང་ ལྷན་ཁག་༡༠ གྱི་ དྲུང་ཆེན་ཚུ་ཡོདཔ་ད ལྷན་རྒྱས་གཞུང་ཚོགས་ཀྱིས་ བཟང་ངན་གྱི་གྲོས་ཐག་ ག་ཅི་ར་བཅད་རུང་ ཚོགས་ཆུང་དེ་ གྲོས་སྟོན་པ་སྦེ་ འོང་ནི་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བཤད་མིའི་ནང་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ ཕྱག་ལེགས་ཤོམ་སྦེ་ ཞུ་ནིའི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་དང་ ལས་སྡེའི་འགོ་ཁྲིདཔ་ཚུ་དང་གཅིག་ཁར་ ཕྱད་ཡི་ཟེར་ཨིནམ་ད་ ཚོགས་ཆུང་དེ་ འཕྲལ་ཁམས་ཅིག་ཁར་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་འཚོགས་པའི་སྐབས་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ ཚོགས་ཆུང་གིས་ ལྷན་རྒྱས་གཞུང་ཚོགས་ལུ་ ལྡོག་ཕྱོགས་སྦེ་མེན་པར་ གྲོས་སྟོན་པ་སྦེ་ ལཱ་འབད་འོང་ཟེར་ཨིནམ་ད་ ཚོགས་ཆུང་གི་འཐུས་མི་ཚུ་ག་ར་ ཉམས་མྱོང་ཡོད་མི་ཙང་ཙ་ཡོདཔ་ལས་ གཞུང་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
མི་སེར་ལུ་ ཞབས་ཏོག་ཞུ་ནིའི་དོན་ལས་ གཞུང་ལུ་གོ་སྐབས་ལེ་ཤ་ཡོད་ཟེར་ བློན་ཆེན་གྱིས་ བཤད་པའི་ཁར་ གཞུང་གིས་ ལཱ་རྩ་འགེངས་ཏེ་ ལཱ་འབད་དོ་ཡོདཔ་ལས་ མི་སེར་ཚུ་ལུ་ཕན་ཐོགས་པའི་ ལས་རིམ་ལེ་ཤ་ཡོད་ཟེར་ཨིན་པས།
འདས་པའི་གཞུང་གིས་ སྤྱི་ལོ་༢༠༡༤ གི་ཟླཝ་༡༢ པའི་ནང་ ཚོགས་ཆུང་དེ་ ཧྲམ་བཏང་བའི་ཤུལ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་བརྩིས་ཏེ་ དྲུང་ཆེན་༣ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ གནས་སྐབས་གཞུང་གིས་ གྲོས་འདེབས་ཕུལ་བའི་ཤུལ་ལས་ ཚོགས་ཆུང་དེ་ ལོག་གཞི་བཙུགས་འབད་ཡོདཔ་ད་ དྲུང་ཆེན་ཚུ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ འཐུས་མི་ ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *