ཁྲིམས་སྤྱི་བློན་པོ་ཚེ་རིང་དབང་ཕྱུག་གིས་ རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་ནང་ ཁ་ཙ་ལས་འགོ་བཙུགས་མི་ དབུ་ཁྲིདཔ་ཚུ་གི་ལས་རིམ་ ཤོ་ཐེངས་༩ པ་ འགོ་བཙུགས་མིའི་ནང་ དྲང་དཔོན་དང་ ཐོ་བཀོད་འགོ་དཔོན་ དེ་ལས་ ཁྲིམས་འདུན་གྱི་ལས་བྱེདཔ་ཚུ་ལུ་ གསལ་བཤད་འབད་བའི་བསྒང་།

དྲང་ཁྲིམས་ལྷན་སྡེའི་དོན་ལུ་ དབུ་ཁྲིད་པའི་སྦྱོང་བརྡར་ འགོ་བཙུགས་ཡོདཔ།

༉ རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་ནང་ ཁ་ཙ་ལས་འགོ་བཙུགས་མི་ དབུ་ཁྲིདཔ་ཚུ་གི་ལས་རིམ་ ཤོ་ཐེངས་༩ པ་ འགོ་བཙུགས་མིའི་ནང་ དྲང་དཔོན་དང་ ཐོ་བཀོད་འགོ་དཔོན་ དེ་ལས་ ཁྲིམས་འདུན་གྱི་ལས་བྱེདཔ་༢༡ གིས་ འགོ་ཐོག་ཉིནམ་༡༠ གྱི་ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྤེལ་ཁང་གི་མདོ་ཆེན་ ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ དབུ་ཁྲིདཔ་ཚུ་གི་ལས་རིམ་དེ་ཡང་ དྲང་དཔོན་དང་ ཁྲིམས་འདུན་གྱི་ལས་བྱེདཔ་ཚུ་གིས་ ཐག་བཅད་མི་དེ་གིས་ མི་ཚེ་ནང་ ག་དེ་སྦེ་ ཐད་ཁར་དུ་ ཕན་གནོད་ཡོདཔ་ཨིན་ན་ལུ་ གཞི་བཞག་ཐོག་ལས་ འགོ་འབྱེད་འབད་ཡི་ཟེར་ཨིན་པས།
མདོ་ཆེན་གྱིས་ སླབ་མིའི་ནང་ ཁོང་གིས་ དྲང་བདེན་དང་འཇོན་དྲགས་ཐོག་ལས་ ལཱ་འབད་དགོཔ་ལས་ ལས་རིམ་དེ་ ཁོང་གི་དོན་ལུ་ ཁག་ཆེ་ཟེར་ཨིནམ་ད་ མི་སྡེ་ནང་ དགའ་སྐྱིད་དང་གཅིག་མཐུན་བཞག་དགོ་པ་ཅིན་ དྭངས་གསལ་དང་ དྲང་བདེན་ཐོག་ལས་ དྲང་ཁྲིམས་སྤྲོད་ནི་དེ་ ཁག་ཆེ་ཟེར་ཨིན་པས།
ལས་རིམ་དེ་གིས་ བཅའ་མར་གཏོགས་མི་ཚུ་ལུ་ ཕན་ཐོགས་པའི་རིག་རྩལ་ཚུ་ འཐོབ་ཚུགས་པའི་ཁར་ གནད་དོན་དེའི་སྐོར་ལས་ བརྡ་དོན་ཚུ་ འཐོབ་ཚུགས་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ སེམས་ཚོར་དྲག་པོའི་སྐོར་ལས་དང་ གནས་ཚུལ་བསྡུ་ལེན་འབད་ཐངས་ དེ་ལས་ གོམས་འདྲིས་དང་དྲན་ཤེས་ འབྲུག་གི་ཕྱི་འབྲེལ་སྲིད་བྱུས་དང་ དཔལ་འབྱོར་ཚུ་གི་སྐོར་ལས་ཡང་ སྦྱོང་བརྡར་ཚུ་ འབད་ནི་ཨིན་པས།
ལས་རིམ་དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༡༨ ལུ་ ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་གིས་ འགོ་འབྱེད་འབད་ཡོདཔ་ད་ འགོ་འབྱེད་འབད་བའི་སྐབས་ ཁྲིམས་སྤྱི་བློན་པོ་གིས་ འབྲུག་མི་ཚུ་གིས་ འགྱུར་བ་སྦོམ་འགྱོ་སར་མཐོང་ཡོདཔ་ལས་ དུས་ཀྱི་འགྱུར་བ་དང་བསྟུན་ ཐབས་ལམ་དང་དྲན་ཤེས་ཚུ་ བཏོན་དགོ་ཟེར་ གསུངས་ཡོདཔ་ཨིན་པས།
དྲང་ཁྲིམས་ཡུན་བརྟན་དོན་ལུ་ རང་དབང་གི་དྲང་ཁྲིམས་དང་ཆིག་སྒྲིལ་ ཤེས་རབ་ ལྕོགས་གྲུབ་ དེ་ལས་ སྤྱོད་ལམ་བཟང་པོ་ཚུ་དགོཔ་གལ་ཆེ་ཟེར་ གསུངས་ཡོདཔ་ཨིན་པས།
དེ་མ་ཚད་ ཁྲིམས་སྤྱི་བློན་པོ་གིས་ དྲང་ཁྲིམས་ལྷན་སྡེ་ནང་ མི་སྟོབས་གོང་འཕེལ་གཏང་ནི་དེ་ ལྷན་སྡེ་ནང་ གལ་ཆེཝ་སྦེ་ཐོན་ཏེ་ཡོད་ཟེར་ གསུངས་ཡོད་པའི་ཁར་ མི་སྡེའི་འགྱུར་བ་དང་འཁྲིལ་ དྲང་ཁྲིམས་ལྷན་སྡེ་ཡང་ འགྱུར་བ་འགྱོ་དགོ་ཟེར་ཨིནམ་ད་ མི་ཚུ་གིས་ དྲང་ཁྲིམས་ལྷན་སྡེ་ལུ་ བློ་གཏད་མ་ཚུགས་པ་ཅིན་ གཞུང་སྐྱོང་ལེགས་ལྡན་བཞག་མི་ཚུགས་ཟེར་བཤད་ཅི།
སྤེལ་ཁང་གིས་ དུས་ཅི་ སྤྱི་ཟླ་༡༠ པ་ལས་ ལས་རིམ་འགོ་བཙུགས་ཏེ་ ལོ་༥ ལང་ཡོད་པའི་ཁར་ ད་ཚུན་ དབུ་ཁྲིདཔ་གི་ལས་རིམ་ཐེངས་༣༩ འགོ་འདྲེན་འཐབ་ཡོད་པའི་ཁར་ མི་གྲངས་༩༥༩ གིས་ དབུ་ཁྲིད་པའི་ ཞལ་འཛོམས་ཁག་མ་འདྲ་བའི་ཐོག་ལས་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།
དྲང་ཁྲིམས་ལྷན་སྡེའི་དོན་ལུ་ ཤོ་ཐེངས་༢ པའི་ལས་རིམ་དེ་ སྤྱི་ཟླ་༡༢ པའི་ནང་ལས་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *