དོ་དམ་འོག་ལས་ བྲོས་ཟུར་འབད་མི་ ལོག་འཛིན་བཟུང་འབད་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱི་ ས་ཁོངས་ལས་ བྱོག་སོང་མི་ དོགས་པ་ཅན་དེ་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ བསམ་རྩེ་ལས་ ལོག་འཛིན་བཟུང་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་དེ་ འཛིན་བཟུང་འབད་བའི་ནངས་པ་ར་ ཐིམ་ཕུག་ལུ་ ལོག་ཁྱིད་འོང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དོགས་པ་ཅན་དེ་ རྩོད་བཤེར་འབད་བའི་བསྒང་ཨིནམ་ལས་ སྤྱི་ཟླ་༧ པའི་ཚེས་༡༢ ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་ གསལ་སྟོན་འབད་ཡི་ཟེར་ཨིན་པས།
གཞལམ་སྒང་ཀྲོང་གཡུས་ཚན་ལས་ཨིན་མི་ དོགས་པ་ཅན་དེ་ ཨར་རྐུན་གྱི་ འབྲེལ་གནད་ལུ་བརྟེན་ སྤྱི་ཟླ་༣ པའི་ནང་ འཛིན་བཟུང་འབད་དེ་ ཁྲིམས་སྲུང་འགག་སྡེའི་འོག་ལུ་ དོ་དམ་ནང་ བཞག་པའི་ཤུལ་ལས་ ཁྲིམས་ཀྱི་འདུན་སར་ སྙན་གསན་དང་པ་མཛད་ནིའི་དོན་ལུ་ ཁྱིད་འགྱོ་བའི་སྐབས་ བྲོས་ཟུར་འབད་ཡོདཔ་ཨིན་པས།
འགག་སྡེའི་འགོ་དཔོན་གྱིས་ སླབ་མིའི་ནང་ དོགས་ཅན་དེ་ལུ་ ཨར་རྐུན་དང་འབྲེལ་བའི་ རྩོད་དོན་ཁག་༣༢ བསྣར་འགྱངས་ཡོད་མི་ཚུ་ཡང་ དངུལ་རྐྱང་དང་ ལག་ཁུག་ དེ་ལས་ དངུལ་ཁུག་འབདཝ་ད་ དངུལ་ཀྲམ་༧༧༠,༠༠༠ དེ་ཅིག་ ཨར་རྐུན་འབད་བའི་ ཁ་ཉེས་བཀལ་ཏེ་ཡོད་ཟེར་ཨིནམ་ད་ ད་རུང་ ཁོ་ལུ་ ཁྲིམས་མཐུན་དབང་འཛིན་འོག་ལས་ བྲོས་ཟུར་འབད་བའི་ ཉེས་འཛུགས་ཡང་ བཀལ་འོང་ཟེར་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེ་གིས་ ཨར་རྐུན་འབད་བའི་ རྩོད་དོན་ཚུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *