བར་ཁེ་གཡུས་ཚན་ནང་ རླུང་འཚུབས་ཀྱིས་ གེ་ཟ་ཞིང་མེདཔ་བཏང་མིའི་མཐོང་སྣང་།

དར་ལ་ལུ་ རླུང་འཚུབས་ཀྱིས་ ཁྱིམ་གུང་༢༡༤ དང་ ལོ་ཐོག་ཚུ་ལུ་གནོད་སྐྱོན།

༉ སྤྱི་ཟླ་༥ པའི་ཚེས་༢༨ ཀྱི་ཕྱི་རུ་ ཆུ་ཁ་རྫོང་ཁག་ དར་ལ་ལུ་ རླུང་འཚུབས་འཕུ་བའི་སྐབས་ མང་ཤོས་ར་ གེ་ཟ་ཞིང་ཨིན་མི་ ལོ་ཐོག་ཨེ་ཀར་༡༡༩ དེ་ཅིག་དང་ ཁྱིམ་གུང་༢༡༤ ལུ་ གནོད་སྐྱོན་རྐྱབ་ཡོདཔ་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ལས་རོགས་ ཨེན་ཀེ་ ཨ་ཅ་རི་ཡ་གིས་ སླབ་མིའི་ནང་ གནོད་སྐྱོན་བྱུང་མིའི་ སྙན་ཞུ་དེ་ སོ་ནམ་ལྷན་ཁག་ལུ་ ཕུལ་ཡོདཔ་ཨིན་རུང་ རྒུད་འཐུས་ཀྱི་ཐད་ལུ་ ཁོང་གི་ལག་པར་མེད་ཟེར་ཨིན་པས།
དར་ལ་རྒེད་འོག་བདག་སྐྱོང་གི་ སྙན་ཞུ་དང་འཁྲིལཝ་ད་ རླུང་འཚུབས་ཀྱིས་ རྒེད་འོག་དེ་གི་ གཡུས་ཚན་༨ ནང་ ཁྱིམ་གུང་༡༢ ཀྱི་ ཁྱིམ་ཐོག་ཚུ་ འཕྱགས་བདའ་ཡོདཔ་མ་ཚད་ ཆུ་མིག་ལ་ཁ་སློབ་གྲྭ་ཆུང་བའི་ ཁྱིམ་ཐོག་དེ་ཡང་ མེདཔ་བཏང་ནུག་ཟེར་ཨིན་པས།
ཕུན་ཚོགས་གླིང་གི་དྲུང་པ་ ཀརྨ་རིན་ཆེན་གྱིས་ སླབ་མིའི་ནང་ སློབ་གྲྭ་དེ་གི་ ཁྱིམ་ཐོག་བཀབ་ནིའི་དོན་ལུ་ ལྕགས་ཤོག་ཚུ་ ཁ་ཙ་ ལྷོད་ཡོདཔ་ལས་ སྤྱི་འོག་ནང་ ཤིང་བཟོའི་ཉམས་མྱོང་ཡོད་མི་ཚུ་ལུ་ ལཱ་འབད་བཅུག་ནི་ཟེར་ཨིནམ་ད་ སློབ་གྲྭ་ཉམས་བཅོས་འབད་ནིའི་ལཱ་དེ་ ད་རིས་ལས་ འགོ་བཙུགས་འོང་ཟེར་ བཤདཔ་ཨིན་པས།
དེ་ལས་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ རླུང་འཚུབས་ཀྱི་ རྐྱེན་ངན་བྱུང་སྟེ་ དེ་གི་ནངས་པ་ར་ གནོད་སྐྱོན་བྱུང་མི་ཁྱིམ་ཚུ་ ཞིབ་དཔྱད་རྐྱབ་ཡོདཔ་ད་ ཁོང་གིས་ ཁྱིམ་གུང་༢༣ ཉེན་བཅོལ་འཐོབ་ནི་གི་ འོས་འབབ་ཡོད་པའི་ ངོས་འཛིན་འབད་མིའི་གྲངས་སུ་ སྦོང་སྒོ་རྒེད་འོག་ནང་ རླུང་འཚུབས་ཀྱིས་ མེདཔ་བཏང་མི་ ཁྱིམ་ཚུ་ཡང་ ཚུདཔ་ཨིན་པས།
དགེ་འདུ་ལུ་ཡོད་མི་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ ཡན་ལག་འཛིན་སྐྱོང་པ་ རྡོ་རྗེ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཉེན་བཅོལ་མ་དངུལ་ སྤྲོད་དགོ་པའི་ སྙན་ཞུ་དེ་ ཡིག་ཚང་ལྟེ་བ་ལུ་ བཙུགས་ཅི་ཟེར་ཨིན་པས།
ཉེན་བཅོལ་མ་དངུལ་དེ་ འཛིན་གྲོལ་མ་འབད་བར་ཡོད་རུང་ ད་རེས་ སྤྲོད་ནི་གི་ རྩ་འགེངས་དོ་ཟེར་ ཁོ་གིས་ བཤད་པའི་ཁར་ ཐོབ་བརྗོད་ཚུ་ཡང་ གནོད་སྐྱོན་དང་འཁྲིལ་ སྤྲོད་འོང་ཟེར་ བཤདཔ་ཨིན་པས།
ཉེན་བཅོལ་གྱི་ རྒུད་འཐུས་ཙུ་ སྤྲོད་ཚར་བའི་ཤུལ་ལུ་ ཁྱིམ་གནོད་སྐྱོན་བྱུང་མི་ཚུ་གིས་ རང་སོའི་ཁྱིམ་ ཉམས་བཅོས་འབད་ནིའི་དོན་ལུ་ གཅིག་གིས་གཅིས་ལུ་ ཆ་རོགས་འབད་ནི་ཨིན་པའི་གནས་ཚུལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *