ཀུན་ལེགས་དབང་ཕྱུག།
སྐྱེས་ལོ་༣༩།
ཤེས་ཚད་། ཕྱི་འབྲེལ་སྲིད་སྐྱོང་ནང་ གཙུག་ལག་གོང་མའི་ཤེས་ཡོན།
ཉམས་མྱོང་། ཚོང་སྡེ་གོང་འཕེལ་གྱི་གྲོས་སྟོན་པ། ཞི་གཡོགཔ། རྒྱང་བསྒྲགས་དང་ རྒྱང་མཐོང་གི་ལས་རིམ་བཟོ་མི།
ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
དྲང་པོ་ ལཱ་རྩ་འགེངས་ཏེ་འབད་མི་ བརྩོན་ཤུགས་ཅན།
ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
གསོ་བ་དེ་ གཙོ་རིམ་ཅན་ཨིནམ་ད་ འཁོར་ལམ་དང་ ཞི་ཆུ་ཚུ་ཡང་ གཙོ་རིམ་བཟུང་ནི།
ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
བཙག་འཐུའི་བྱ་རིམ་གྱིས་ ས་གནས་སོ་སོ་ནང་ འགྱོ་ནི་དང་ མི་ལེ་ཤ་ཕྱད་ནིའི་ གོ་སྐབས་ཐོབ་མི་དེ་དགའ་བས། ལ་ལོ་གིས་ སྲིད་དོན་པ་ཚུ་ ཕྱུགཔོ་ཨིན་ཟེར་ མནོ་བསམ་བཏང་སྟེ་ འགྲུལ་འཕྲིན་གྱི་ རྩིས་ཤོག་དང་ ནང་གསུག་ལེན་ནིའི་ གོ་སྐབས་བཟོ་མི་དེ་ མི་དགའ་བས།
ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
སྲིད་ལུ་བརྟེན་ ང་བཅས་ཀྱི་ རྒྱལ་ཁབ་འདི་ དབྱེ་ཁག་ཕྱེ་དོ་བཟུམ་ མཐོང་སྣང་བྱུངམ་བཞིན་དུ་ འདས་པའི་ལོ་བཅུ་ཕྲག་ནང་ཡང་ དབྱེ་བ་ཕྱེ་ཡོདཔ་ལས་ མི་སྡེ་ནང་ ཞི་བདེ་དང་ མཐུན་ཏོག་ཏོ་ ལོག་བཟོ་ནི་དེ་ གདོང་ལེན་སྦོམ་སྦེ་ཚོརཝ་མས།
མི་སེར་ཚུ་གིས་ ཁྱོད་ལུ་ ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
ང་ར་ ཐབས་ཤེས་ལྡན་པའི་ མི་ཅིག་འབདཝ་ལས་ ཁ་དང་ལགཔ་རྟགས་མཐུནམ་སྦེ་འབད་ཚུགས། ང་ར་ ཕམ་ཉམ་ཆུང་གི་ ཨ་ལོ་འབདཝ་ལས་ གྲོང་གསེབ་ནང་གི་ སྟབས་བདེ་སྡུག་ག་ར་ཧ་གོཝ་ལས་ ཕྱག་ག་དེ་སྦེ་ ཞུ་ནི་ཨིན་ན་ཤེས། ཚོང་ལཱ་གོང་འཕེལ་གྱི་ གྲོས་སྟོན་པ་འབདཝ་ལས་ ན་གཞོན་དང་ ཨམ་སྲུ་ དེ་ལས་ སྤྱིར་བཏང་ཚོང་ལཱ་གི་ ཐབས་ཤེས་ལེ་ཤ་ཡོད།
ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
ང་ལུ་ རེ་སྨོན་བཏབ་མི་ རྒྱབ་སྐྱོར་པ་དང ཆ་རོགས་ བཟའ་ཚང་ཚུ་གིས་ བློ་གཏད་དེ་ ཚོགས་རྒྱན་བཙུགས་མི་ལུ་ བཀྲིན་དགའ་ཚོར་བསམ་ནི།
མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
བཙག་འཐུ་ནང་ ཕན་པ་དང་གནོད་པ་༢ ཆ་ར་ཡོདཔ་སྦེ་མཐོངམ་མས།