དབང་འདུས་ཕོ་བྲང་ ཨ་ཐང་- ཐེད་ཚོ།

ཉིམ་རྒྱལ་མཚན།

སྐྱེས་ལོ་༣༣།

ཤེས་ཚད། གཙུག་ལག་གཞི་རིམ་ནང་ མཐོ་རིམ་ཤེས་ཡོན།

ཉམས་མྱོང་ སློབ་དཔོན།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?

བཟོད་བསྲན་ཅན་དང་ དྲང་པོ་ དད་མོས་ཅན།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?

སོ་ནམ་ཞིང་ལམ་བཟོ་སྐྲུན་འབད་ནི་དང་ ད་ལྟོ་ཡོད་པའི་ ཞིང་ལམ་ཚུ་ རྡོ་ཞིབ་ནི་དང་ ཆུ་གཡུར་སེལ་ཏེ་ ཉམས་བཅོས་འབད་ནི། རུས་པའི་ས་ལས་ སྦྱེ་ནག་རྒེད་འོག་ལྟེ་བ་ཚུན་དང་ ན་ཧིང་ལས་ ལྕམ་སྒང་གི་ འཁོར་ལམ་འཕྲོ་མཐུད་སེལ་ནི། ཁྱིམ་གུང་ག་ར་ལུ་ གློག་མེ་བཀྲམ་སྤེལ་འབད་ནི་དང་ གློག་མེ་མ་ལྷོད་པའི་ ཁྱིམ་ཚུ་ནང་ ཉི་དྲོད་བཀྲམ་སྤེལ་འབད་ནི། དགའ་སེང་ཚོ་གོངམ་དང་ དགའ་སེང་འོགམ་གི་དོན་ལུ་ ཧ་མཚོ་ཚམ་ཞིང་ཆུ་བཏོན་ནི་ རུས་པའི་ས་དང་ ཨུ་ལ་གི་དོན་ལུ་ སྤང་ཟ་གཡུར་བ་བཏོན་ནི། སོ་ནམ་ཐོན་སྐྱེད་ཀྱི་དོན་ལུ་ ཚོང་ལམ་བཟོ་ནི་དང་ སྤྱི་འོག་ག་ར་ལུ་ གློག་ཐག་རཝ་ བཀྲམ་སྤེལ་འབད་ནི། ཁྱིམ་གུང་ག་ར་ལུ་ དུས་ཡུན་ཆུ་ཚོད་༢༤ འི་རིང་ འཐུང་ཆུ་བཀྲམ་སྤེལ་དང་ རྒྱུན་སྐྱོང་འབད་ནི།

ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?

མི་སེར་ཚུ་ལས་ འགྱུར་ལྡོག་མེད་པའི་ རྒྱབ་སྐྱོར་གནང་མི་དེ་དགའ་བས། མ་བདེན་པའི་འཐོར་གཏམ་དང་ ཁ་བཏང་མི་དེ་ མི་དགའ་བས།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?

ན་གཞོན་ལཱ་གཡོག་མ་ཐོབ་པའི་དཀའ་ངལ། རྒྱལ་ཁབ་ཀྱི་བུ་ལོན་དང་ གྲོང་གསེབ་ལས་ཁྲོམ་ཁར་གནས་སྤོ་མི་འགྱོ་མི།

མི་སེར་ཚུ་གིས་ ཁྱོད་ལུ་ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?

ཨ་ཐང་-ཐེད་ཚོ་འདེམས་ཁོངས་ནང་ གོང་འཕེལ་དང་ འགྱུར་བ་འབག་འོང་ནི།

ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?

འདེམས་ཁོངས་ཀྱི་ མི་སེར་དང་ འབྲེལ་བ་འཐབ་ཞིནམ་ལས་ འཆར་གཞི་ཚུ་བརྩམ་ནི།

མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?

མི་སྡེ་བརྡ་བརྒྱུད་ཀྱིས་ འགན་ཁག་རྩ་ཅན་འབག་དོ་ཡོདཔ་ལས་ ང་ལུ་ ཕན་ཐོགས་འདུག།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *