དབང་འདུས་དང་ སྤུ་ན་ཁ་ལུ་ བཙག་འཐུ་འགོ་དཔོན་༣༧༧ བགོ་བཀྲམ་འབད་ནི།

༉ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་རྫོང་ཁག་༢ ཀྱི་ ངོས་ལེན་འགོ་དཔོན་ཚུ་གིས་ བཙག་འཐུ་འགོ་དཔོན་ཚུ་ ཚོགས་རྒྱན་ས་ཁོངས་ཚུ་ནང་ བགོ་བཀྲམ་འབད་ནི་ལུ་ གྲ་སྒྲིང་སོང་ནུག།

ཉིན་གྲངས་༢ ཀྱི་ བཙག་འཐུའི་གོམས་འདྲིས་སྦྱོང་བརྡར་དེ་ཡང་ ཁ་ཙ་ལས་ འགོ་བཙུགས་ཡོདཔ་ལས་ ད་རིས་ མཇུག་བསྡུ་ནི་ཨིན་པས།

སྤུ་ན་ཁ་དཀར་སྦྱིས་ས་-རྟ་ལོག་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ ནོར་བུ་དབང་བཟང་མོ་གིས་ སླབ་མིའི་ནང་ སྦྱོང་བརྡར་ནང་ བཙག་འཐུའི་འགོ་དཔོན་ཚུ་ལུ་ བཙག་འཐུའི་ཀུན་སྤྱོད་རྣམ་གཞག་དང་ འགན་འཁྲི་ ཚོགས་རྒྱན་འཕྲུལ་ཆས་ལག་ལེན་ཐབས་ཐངས་ དེ་ལས་ ཉོགས་བཤད་ཚུ་ སེལ་ཐབས་ཀྱི་སྐོར་ གསལ་བཤད་འབད་ཡི་ཟེར་ཨིན་པས།

སྤུ་ན་ཁ་རྫོང་ཁག་ནང་འབད་བ་ཅིན་ ཚོགས་རྒྱན་ས་ཁོངས་༣༠ ནང་ ཉེན་སྲུང་གི་ ཨམ་སྲུ་བརྩིས་ཏེ་ འགོ་དཔོན་༡༥༤ དེ་ཅིག་ བགོ་བཀྲམ་འབད་ནི་ཨིནམ་ད་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢༥༠ ལས་ཉུངམ་སྦེ་ཡོད་པའི་ ཚོགས་རྒྱན་ས་ཁོངས་ནང་ བཙག་འཐུ་འགོ་དཔོན་༡ འཐོབ་ནི་གི་ འོས་འབབ་མེདཔ་ལས་ དེ་གི་འགན་ཁུར་དེ་ འདེམས་ཁྲི་འགོ་དཔོན་གྱིས་ འབག་འོང་ཟེར་ ནོར་བུ་བཟང་མོ་གིས་ བཤདཔ་ཨིན་པས།

དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ནང་ ཀ་པ་བཏབ་ས་དང་ གྲོང་གསེབ་སྨན་སྤྲོད་ཁང་ ཞལ་སྔོ་ས་ཚོགས་རྒྱན་ས་ཁོངས་ཚུ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢༥༠ ལས་འོག་རྒྱུ་ཡོདཔ་ད་ དེ་བཟུམ་སྦེ་ གླིང་མུ་ཁ་-སྟོད་ཝང་འདེམས་ཁོངས་ནང་ རྡོ་ལེབ་ཅན་གྲོང་གསེབ་སྨན་སྤྲོད་ཁང་དང་ གླིང་མུ་ཁ་ ཨོམ་སྟོད་ཁ་ནང་ཡང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢༥༠ མ་ལངམ་ཅིག་ཡོདཔ་ཨི་ནཔས།

གླིང་མུ་ཁ་-སྟོད་ཝང་འདེམས་ཁོངས་ནང་ འཛོམས་མི་རྒེད་འོག་ལྟེ་བ་དང་ དཀར་སྦྱིས་-རྟ་ལོག་འདེམས་ཁོངས་ གསེར་རི་སྒང་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡,༠༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།

རྫོང་ཁག་དེ་ནང་ ཚོགས་རྒྱན་བསྐྱུར་ནིའི་དོན་ལུ་ ཕོ་སྐྱེས་༨,༡༠༣ བརྩིས་ཏེ་༡༦,༩༤༩ གིས་ ཐོབ་ཀོད་འབད་དེ་ཡོདཔ་ཨིན་པས།

དབང་འདུས་ཕོ་བྲང།

དབང་འདུས་ཕོ་བྲང་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༢༠,༠༨༤ ཡོད་མིའི་ནང་ ཚོགས་རྒྱན་ས་ཁོངས་༤༨ ཡོདཔ་ད་ ས་གོ་ཚུ་ནང་ ངོས་ལེན་འགོ་དཔོན་ཚུ་གིས་ ནངས་པ་ལས་ བཙག་འཐུ་འགོ་དཔོན་༢༢༣ དང་ ཉེན་སྲུང་འགོ་དཔོན་༡༤༤ དེ་ཅིག་ བགོ་བཀྲམ་འབད་ནི་ཨིན་པས།

ཉི་ཤོ་-སྲས་ཕུག་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ ཚེ་རིང་སྒྲོལ་དཀར་གྱིས་ སླབ་མིའིནང་ བཙག་འཐུ་འགོ་དཔོན་ཚུ་ཡང་ རང་སོའི་ས་ཁོངས་ནང་ ནངས་པ་ལས་།ར་ ལྷོད་དགོ་ཟེར་ཨིན་པས།

ཨ་ཐང་-ཐེད་ཚོ་འདེམས་ཁོངས་ཀྱི་ ཨ་ཐང་རྒེད་འོག་ལྟེ་བ་དང་ བྱག་ཕུག་ ཙན་ཤིང་རྩ་བ་ ན་སྦིས་ས་ ན་ཧིང་རྒེད་འོག་ལྟེ་བ་ ཨོ་ལ་ ཤེལ་ལ་ ཤོ་བ་ དེ་ལས་ འོ་རྒྱལ་ཚོགས་རྒྱན་ས་ཁོངས་ཚུ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༢༥༠ མ་ལངམ་ཅིག་ཡོདཔ་ཨིན་པས།

བ་འཇོ་འབྲིང་རིམ་སློབ་གྲྭ་གོང་མ་དང་ དགའ་སེང་་ཚོ་གོངམ་རྒེད་འོག་ལྟེ་བའི་ ཚོགས་རྒྱན་ས་ཁོངས་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡,༠༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།

ཉི་ཤོ་-སྲས་ཕུག་འདེམས་ཁོངས་ཀྱི་ཐད་ བལ་གྲོང་དང་ སྤྱི་ཏོག་ཁ་ སྒོར་གཱན་དང་ ན་ཁ་གྲོང་གསེབ་སྨན་སྤྲོད་ཁང་ ར་ཟ་འོག་ དེ་ལས་ ཏ་པའི་ཏིང་སློབ་གྲྭའི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༢༥༠ ལས་ཉུང་སྦེ་ཡོདཔ་ད་ ཉི་ཤོ་རྒེད་འོག་ལྟེ་བའི་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༨༣༥ དེ་ཅིག་ཡོདཔ་ཨིན་པས།

རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་བརྩིས་ཏེ་༢༠,༠༨༤ གིས་ ཐོབ་ཀོད་འབད་དེ་ཡོད་མི་ལས་༡༠,༩༠༦ དེ་ ཨམ་སྲུ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *