དབང་བཙོང་ལུས་འབྲེལ་འབད་མི་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་མེད་འཁྲུན་ཆོད་གནང་ཡོདཔ།

༉ རྩི་རང་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༡༧ ལང་མི་ སློབ་ཕྲུག་བུཚ་ཅིག་གིས་ ཁ་སླབ་མ་ཤེས་མི་ རྩ་རྒསམོ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་ཡོད་པའི་ གནད་དོན་དེ་ ཉེས་མེད་ཐོག་ལས་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ དབྱེ་ཞིབ་འབད་མི་དང་འཁྲིལཝ་ད་ སློབ་ཕྲུག་བུཚ་དེ་གིས་ ཉམས་རྒུདཔ་རྩ་རྒསམོ་དང་གཅིག་ཁར་ ལུས་འབྲེལ་འབད་ཡོད་པའི་ རྫུན་ཁ་བཟེད་ཡོདཔ་ཨིན་རུང་ ཁོ་གིས་ ལགཔ་གི་རྣམ་གྱུར་ཐོག་ལས་ ཉམས་རྒུདཔ་དེ་ ལུས་འབྲེལ་འབད་བར་ འགྱོ་གེ་ཟེར་སླབ་ད་ མོ་གིས་ཡང་ བཏུབ་ཟེར་ ཁ་བཟེད་དེ་ ཁོང་ར་གཉིས་ སྡོད་ཁྱིམ་ནང་ལས་ མི་ཊར་༡༥ དེ་ཅིག་གི་ས་ཁར་ ཨ་ལཱན་ཅི་ལྡུམ་ར་ཡོད་སའི་ ས་གནས་ནང་སོང་སྟེ་ ལུས་འབྲེལ་འབད་ནུག་ཟེར་ཨིན་པས།
དབྱེ་ཞིབ་འབད་བའི་སྐབས་ ཉམས་རྒུད་པའི་གཟུགས་ཁར་ དབང་བཙོང་འབད་ཡོད་པའི་ རྨ་སྐྱོན་ལ་སོགས་པ་ཚུ་ ག་ཅི་ཡང་ མེད་པའི་ཁར་ ཉེས་འཛུགས་ཅན་དེ་ ལོ་ན་མ་སྨིན་པའི་ བུཚ་ཅིག་ཨིནམ་ད་ ཉམས་རྒུདཔ་དེ་ སྐྱེས་ལོ་༤༠ ལང་མི་ ཨམ་སྲུ་ཅིག་ཨིན་པས།
ཨིན་རུང་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་ཡོད་པའི་ མངོན་གསལ་ཅན་དང་ ཁྲིམས་ཀྱི་རེ་སྐོང་ ཡོངས་རྫོགས་མ་འགྲུབ་ལས་ ཉེས་འཛུགས་ཅན་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༧༨ ཀྱི་ དགོངས་དོན་དང་འཁྲིལ་ཏེ་ ཉེས་ཁྲིམས་བཀལ་ཐབས་མིན་འདུག་ཟེར་ཨིན་པས།
གནད་དོན་དེ་ ཉམས་རྒུད་པའི་ ཕོ་རྒནམ་གིས་ ཁོ་རའི་ སྲིངམོ་གི་གཟུགས་ཁར་ གྱོན་ཆས་མེད་པར་ སྒྱེན་མོ་སྦེ་ མཐོང་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག།
རྐྱེན་ངན་དེ་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༦ གི་ཕྱི་རུ་ ཉོགས་བཤད་བཀོད་མིའི་ཁྱིམ་ནང་ གཉེན་སྟོན་གྱི་ ལས་རིམ་ཅིག་ཡོདཔ་ལས་ མི་ག་ར་ དལ་ཁོམ་མེད་པར་ སྡོད་པའི་བར་ན་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ཁར་ ཁྱིམ་གྱི་ཉེ་འདབས་ལུ་ རྩ་རྒསམོ་དེ་གིས་ སྐད་རྐྱབ་སར་ གོ་ཡོདཔ་བཞིན་དུ་ མི་ཚུ་ས་གནས་ནང་ ལྟ་བར་འགྱོ་བའི་བསྒང་ལས་ གཟུགས་ཁར་གོ་ལ་མེད་པར་ སྒྱེན་མོ་སྦེ་ མཐོང་མི་ལུ་བརྟེན་ བྱུང་ཡོདཔ་ཨིན་པས།
དེ་ཡང་ སྐྱེས་ལོ་༡༧ ལང་མི་ དོགས་ཅན་བུཚ་དེ་གིས་ ས་གོ་ནང་ལས་ བྱོག་འགྱོ་ནིའི་ དཔའ་བཅམ་པའི་སྐབས་ ས་གནས་ནང་སྡོད་མི་ བུཚ་ཅིག་གིས་ འཛིན་བཟུང་འབད་ཞིནམ་ལས་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
དབང་བཙོང་ལུས་འབྲེལ་འབད་མི་ དོགས་པ་ཅན་དེ་ རྩི་རང་གི་ སློབ་གྲྭ་ཅིག་ནང་ དཔེ་ཆ་ལྷབ་མི་ ཅིག་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ལྗིད་ཚད་འཐུ་ནིའི་ནང་ བཅའ་མར་གཏོགས་མི་གངམ་མེདཔ།

༉ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ལྗིད་ཚད་འཐུ་ནི་དེ་ འགོ་དང་པ་ སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་ཡོད་རུང་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་བརྒལ་ མི་འཐོན་དོ་ཡོདཔ་ཨིན་པས། ལྗིད་ཚད་འཐུ་ནིའི་ སློབ་སྟོན་པ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ …

Leave a Reply

Your email address will not be published. Required fields are marked *