དབང་བཙོང་འདོད་སྤྱོད་འབད་བའི་ ཁ་ཉེས་ཡོད་མི་ བུམོ་ཅུང་ལུ་ ཚན་རིག་བརྟག་དཔྱད།

༉ སྐྱེས་ལོ་༡༣ ལང་མི་ ན་ཆུང་བུམོ་ལུ་ སྐྱེས་ལོ་༨༣ ལང་མི་ མོ་རའི་ཨང་རྒས་ཀྱི་ ཨ་པ་གིས་ འདོད་སྤྱོད་གནོད་འཚེ་འབད་བའི་ ཁ་ཉེས་བཀལ་མི་ལུ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ཚན་རིག་བརྟག་དཔྱད་འབད་བའི་སྐབས་ མོ་མཚན་ལུ་ གནོད་པ་རྐྱབ་ཡོད་པའི་ རྟགས་མཚན་ག་ནི་ཡང་ མ་ཐོནམ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ བུམོ་དེ་ལུ་ གསར་སྤེད་འབད་ཡོད་པའི་ མངོན་རྟགས་མེད་པའི་ཁར་ གསང་དར་ཡང་ སྐྱོན་མེདཔ་སྦེ་ མཐོང་གསལ་བྱུང་ཡོདཔ་ད་ རྩོད་དོན་དེ་ བཀྲིས་སྒང་ལུ་ བྱུང་ཡོདཔ་ཨིན་པས།
ཨ་རྒས་དེ་གིས་ སྐྱེས་ལོ་༡༣ དང་༧ ལང་མི་ བུམོ་དེ་གི་ མོ་སྤུན་༢ ལུ་ཡང་ འདོད་སྤྱོད་གནོད་འཚེ་འབད་ཡོད་པའི་ ཁ་ཉེས་ཡོདཔ་ཨིན་རུང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བརྟག་དཔྱད་ཀྱི་དོན་ལུ་ ཁོང་༢ ལས་༡ རྐྱངམ་གཅིག་ བཏང་ཡོདཔ་ཨིན་པས།
གནས་ཚུལ་བྱིན་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨང་རྒས་ཀྱི་ ཨ་པ་དེ་ ད་ལྟོ་ཡང་ འཛིན་བཟུང་མ་འབད་བར་ ཡོད་པའི་ཁར་ མོ་སྤུན་༢ ཡང་ བཀྲིས་སྒང་ལུ་ ཡོད་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ བུམོ་དེ་གིས་ ཨ་རྒས་དེ་གིས་འདོད་སྤྱོད་གནོད་འཚེ་འབད་བའི་སྐོར་ གསོ་བའི་འགོ་དཔོན་ཚུ་ལུ་ སླབ་ཡོད་རུང་ འདོད་སྤྱོད་འབད་ཡོད་པའི་སྐོར་ ག་ནི་ཡང་ སླབ་མ་བཏུབ་པས་ཟེར་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མིའི་ནང་ ཉམས་རྒུདཔ་གི་ཨའི་དེ་ མོ་ར་ཟླཝ་༡༣ ལངམ་ད་ གྱོངས་ཡོདཔ་ལས་ ཨ་པ་གིས་ ཨམ་ཅུངམ་འཚོལ་མི་ལུ་བརྟེན་ མོ་ར་སྐྱེས་ལོ་༤ ལས་ ཨང་རྒས་ཀྱི་ ཨ་པ་དང་གཅིག་ཁར་ སྡོད་ཡོདཔ་བཞིན་དུ་ དེ་བསྒང་ལས་ར་ འདོད་སྤྱོད་གནོད་འཚེ་འབད་བའི་ དོགས་པ་ཡོདཔ་ཨིན་པས།
བུམོ་༣ ཆ་ར་ བཀྲིས་སྒང་རྫོང་ཁག་གི་ སློབ་གྲྭ་ཅིག་ནང་ དཔེ་ཆ་བལྟ་དོ་ཡོདཔ་བཞིན་དུ་ ཕམ་དང་གཅིག་ཁར་ ཨང་རྒས་ཀྱི་ ཨ་པའི་ཁྱིམ་ནང་ སྡོད་དོ་ཡོདཔ་ད་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཉམས་རྒུདཔ་བུམོ་དེ་ སྐྱེས་ལོ་༨༣ ལང་མི་ དོགས་པ་ཅན་གྱི་ བུམོ་དེ་གི་ བུ་ཚབ་ཀྱི་ བུམོ་ཨིན་པས།
སྨན་ཁང་ནང་ སེམས་ཁམས་མཁས་མཆོག་གིས་ ཉམས་རྒུདཔ་བུམོ་དེ་ལུ་ སེམས་ཁམས་དང་འབྲེལ་བའི་ བརྟག་དཔྱད་ཡང་ འབད་ནི་ཨིནམ་ད་ ཚན་རིག་བརྟག་དཔྱད་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ ཞིབ་དཔྱད་འབད་མ་ཚརཝ་ལས་ གནས་སྟངས་ག་རའི་ནང་ བལྟ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
གསོ་བའི་བརྟག་དཔྱད་འབད་ཚར་ཞིནམ་ལས་ སྙན་ཞུ་བསྡུ་སྒྲིག་འབད་བའི་ཤུལ་ལུ་ བཀྲིས་སྒང་གི་ ཁྲིམས་སྲུང་འགག་སྡེའི་ ཞིབ་དཔྱད་ཡིག་ཚང་ནང་ བསྐྱལ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *