དབང་བཙོང་འདོད་སྤྱོད་ཀྱི་ རྩོད་དོན་ནང་ ན་གཞོན་ཅིག་འཛིན་བཟུང་།

༉ ཐིམ་ཕུག་གི་ ཁྲིམས་སྲུང་འགག་སྡེ་གིས་ སྤྱི་ཟླ་༡༠ པའི་ཚེས་༢༦ ལུ་ སྐྱེས་ལོ་༡༦ ལང་མི་བུམོ་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ སྐྱེས་ལོ་༡༩ ལང་མི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ སྙན་ཞུ་དང་འཁྲིལཝ་ད་ སྐྱེས་ལོ་༡༦ ལང་མི་ སློབ་གྲྭའི་བུམོ་དེ་ སྤྱི་ཟླ་༡༠ པའི་ཚེས་༢༣ ལུ་ སྤ་རོ་ལས་ མོ་རའི་ཁྱིམ་ནང་ལས་ གར་སོང་མེད་པར་ བྱང་མི་ལུ་བརྟེན་ ཕམ་གིས་ སྤ་རོ་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་འཚོལ་ནི་ འགོ་བཙུགས་ནུག།
བདུན་ཕྲག་༡ དེ་ཅིག་གི་རྒྱབ་ལས་ སྤྱི་ཟླ་༡༠ པའི་ཚེས་༢༦ ལུ་ ཕམ་༢ ཀྱིས་ བུམོ་དེ་ ཐིམ་ཕུག་ལུ་ ཕོ་སྐྱེས་ཅིག་དང་གཅིག་ཁར་སྡོད་ཡོདཔ་ ཤེས་ཞིནམ་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་འབད་བའི་ ཉིནམ་དེ་ནང་ར་ དོགས་ཅན་ཕོ་སྐྱེས་དེ་ འཛིན་བཟུང་འབདཡོདཔ་ཨིན་པས།
དོགས་ཅན་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ ཁོང་༢ ཀྱི་བར་ན་ འགོ་དང་པ་ མི་སྡེ་བརྒྱུད་ ཕེསི་བུག་ནང་ འབྲེལ་བ་འཐབ་པའི་ཤུལ་ལུ་ དགའ་མཐུན་བྱུང་ཡི་ཟེར་ཨིནམ་ད་ ཁོང་༢ ཨ་རོགས་དགའ་རོགས་ཨིནམ་ལས་ མོས་མཐུན་ཐོག་ལས་ འདོད་སྤྱོད་འབད་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
གསོ་བའི་བརྟག་དཔྱད་འབདཝ་ད་ ཉེས་འཛུགས་ཅན་དང་ ལོ་ན་མ་སྨིན་མི་བུམོ་༢ ཀྱི་བར་ན་ ལུས་འབྲེལ་འབད་ཡོད་པའི་ མངོན་རྟགས་བྱུང་ནུག།
སྤུ་ན་ཁ་ལས་ཨིན་མི་ དོགས་ཅན་ཕོ་སྐྱེས་དེ་ སློབ་གྲྭ་བཀོག་བཞག་པའི་ཤུལ་ལས་ ཐིམ་ཕུག་ལུ་ ཁོ་རའི་ཨ་ཞེམོ་དང་གཅིག་ཁར་ སྡོད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ མ་གཞི་ ཁོང་༢ ཀྱི་བར་ན་ སེམས་མཐུན་ཐོག་ ལུས་འབྲེལ་འབད་ཡོད་རུང་ སྐྱེས་ལོ་༡༩ ལང་མི་ ཉེས་འཛུགས་ཅན་དེ་ ལོ་ན་མ་སྨིན་མི་ སྐྱེས་ལོ་༡༢ ཡན་ཆད་འབད་མི་དང་ དབང་བཙོང་འདོད་སྤྱོད་འབད་བའི་ ཉེས་ཁྲིམས་ཕོག་ཟེར་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *