དཔལ་ལྡན་རྩི་ས་དབང་འཛིན་གྱིས་ གེ་ཡར་བོགསི་རྙིངམ་ཅིག་ མཁོ་སྒྲུབ།

༉ དཔལ་ལྡན་རྩི་ས་དབང་འཛིན་གྱིས་ རྩི་ས་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་མི་ རྫས་སྦྱོར་ཀི་ལིང་ཀར་བཟོ་ནིའི་ འཕྲུལ་ཆས་ཀེ་ཡར་བོགསི་ མེདཔ་ཐལ་ཏེ་ ཟླཝ་༡ དེ་ཅིག་ ལང་པའི་ཤུལ་ལས་ ད་རེས་ གེ་ཡར་བོགསི་རྙིངམ་ཅིག་ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།
དཔལ་ལྡན་རྩི་ས་དབང་འཛིན་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ ཤེས་རབ་བསྟན་འཛིན་གྱིས་ སླབ་མིའི་ནང་ སྤྱི་ཟླ་༨ པའི་ཚེས་༣ ལུ་ མཁོ་སྒྲུབ་འབད་མི་ གེ་ཡར་བོགསི་དེ་ བཙུགས་ནིའི་དོན་ལུ་ ད་རེས་ ལཱ་འབད་བའི་བསྒང་ ཡོདཔ་བཞིན་དུ་ ཉིན་གྲངས་༣ དེ་ཅིག་ འགོར་ནི་ཨིན་པས།
ད་ལྟོའི་གནས་སྟངས་ནང་ དབང་འཛིན་གྱིས་ ཉིནམ་རེ་ལུ་ རྩི་ས་མེ་ཊིག་ཊཱོན་༡,༦༠༠ རེ་ ཐོན་སྐྱེད་འབད་མི་དེ་ ཨ་རྟག་གི་ ཐོན་སྐྱེད་དང་ཕྱདཔ་ད་ བཞི་དཔྱ་༡ ཨིན་པས།
དབང་འཛིན་ལུ་ དུས་ཅི་ སྤྱི་ཟླ་༤ པའི་ ཟླ་ཕྱེད་ལས་ར་ གེ་ཡར་བོགསི་ལུ་བརྟེན་པའི་ དཀའ་ངལ་བྱུང་ཡོདཔ་ད་ མ་གཞི་ ལོ་ངོ་༢༠ ལང་མི་ གེ་ཡར་བོགསི་དེ་ ནང་འཁོད་ལུ་ར་ བཅོ་ཁ་རྐྱབ་ནིའི་ དཔའ་བཅམ་ཡོདཔ་ཨིན་རུང་ འབད་མ་ཚུགསཔ་ཨིན་པས།
གེ་ཡར་བོགསི་དེ་ སྤྱི་ཟླ་༥ པའི་ཚེས་༡༦ ལས་ ལག་ལེན་འཐབ་མ་བཏུབ་སྦེ་ ཐལ་ཡོདཔ་ལས་ ཐོན་སྐྱེད་ལུ་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ཡོདཔ་ཨིན་པས།
དབང་འཛིན་ལས་ཐོབ་མི་ ཐོན་སྐྱེད་ཚད་གཞི་ཚུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༦ དང་ དུས་ཅི་གི་བར་ན་ ཐོན་སྐྱེད་ཀྱི་ཁྱད་པར་ སྦོམ་སྦེ་ར་ ཆགས་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ནང་ དབང་འཛིན་གྱིས་ རྩི་ས་མེ་ཊིག་ཊཱོན་༡༢,༡༣༥ བཀྲམ་སྤེལ་འབད་མི་དེ་ ན་ཧིང་ སྤྱི་ཟླ་༦ པའི་ནང་ མེ་ཊིག་ཊཱོན་༣༠,༢༤༣ བཀྲམ་སྤེལ་འབད་མི་དང་ཕྱདཔ་ད་ བརྒྱ་ཆ་༥༩ མར་བབས་སོང་ཡོདཔ་ཨིན་པས།
དབང་འཛིན་གྱིས་ གེ་ཡར་བོགསི་རྙིངམ་དེ་ཡང་ རྒྱ་གར་གྱི་ས་གནས་ གུ་ཇ་རཱཊ་ལས་ དངུལ་ཀྲམ་ས་ཡ་༡.༦ སྤྲོད་ཐོག་ལས་ མཁོ་སྒྲུབ་འབད་ཡོདཔ་ཨིན་རུང་ སྐྱ་ནམ་གྱི་ཁྲལ་ལུ་བརྟེན་ གོང་ཚད་ཡར་སེང་འགྱོ་ནི་བཟུམ་ཅིག་ཡོད་ཟེར་ ཤེས་རབ་བསྟན་འཛིན་གྱིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

སོ་ནམ་ཞིང་ལམ་བརྒྱ་ཆ་༥༢.༨ གནས་ཚད་དང་མ་འཁྲིལ་བར་བསལ་ཡོདཔ།

༉ རྫོང་ཁག་དང་ རྒེད་འོག་བདག་སྐྱོང་གཉིས་ཀྱིས་ སོ་ནམ་ཞིང་ལམ་སེལ་བའི་སྐབས་ མ་དངུལ་ཆུད་ཟད་དང་ ཚད་ལས་བརྒལ་ བཏང་ཡོདཔ་མ་ཚད་ འཆར་གཞི་ནང་མེད་པའི་ ལས་སྣ་འབད་འབདཝ་ དེ་ལས་ ཞིང་ལམ་ཚུ་ སྣང་མེད་བཞག་ནུག་ཟེར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྙན་ཞུ་ནང་བཀོད་ནུག། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *