སངས་རྒྱས་འོད་དཔག་མེད་ཀྱི་ མཐོང་གྲོལ་གསརཔ།

དད་ཅན་སྟོང་ཕྲག་ལས་བཅད་མི་ཚུ་གིས་ སངས་རྒྱས་འོད་དཔག་མེད་ཀྱི་ མཐོང་གྲོལ་མཇལ་ཁ་ཞུ་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༣༡ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་དང་འབྲེལ་ མོང་སྒར་ཀུ་རི་ཟམ་པའི་ཉེ་འདབས་ལུ་ཡོད་མི་ སྔགས་གྲྭ་རྡོ་རྗེ་ཆོས་སྒར་བཤད་གྲྭ་ནང་སྦེ་ སངས་རྒྱས་འོད་དཔག་མེད་ཀྱི་ མཐོང་གྲོལ་མཇལ་ཁ་གནང་ཡི།
སངས་རྒྱས་འོད་དཔག་མེད་ཀྱི་ མཐོང་གྲོལ་དེ་ཡང་ བསྟན་པའི་སྦྱིན་བདག་ཚུ་གིས་ མ་དངུལ་བསྡུ་ལེན་ཐོག་ལས་ བཞེངས་ཡོདཔ་བཞིན་དུ་ རྒྱལ་མཚན་སྤྲུལ་སྐུ་མཆོག་ལུ་ ཕུལ་ཡོདཔ་ཨིན་པས།
རིང་ཚད་ཕིཊ་༥༠ དང་ རྒྱ་ཚད་ཕིཊ་༤༣ འབད་མི་ མཐོང་གྲོལ་དེ་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣.༡ གནས་ཡོདཔ་ཨིན་པས།
རྒྱལ་མཚན་སྤྲུལ་སྐུ་གིས་ བཤད་མིའི་ནང་ མཐོང་གྲོལ་བཞེངས་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ ཆོས་འབད་ནིའི་གོ་སྐབས་མ་འཐོབ་མི་ཚུ་དང་ འགྲོ་བ་རིགས་དྲུག་གི་སེམས་ཅན་ཚུ་གིས་ མཇལཝ་ཙམ་ཅིག་གིས་ འཁོར་བའི་སྡུག་བསྔལ་ལས་ འགྲོལ་ཚུགས་པའི་ ཕན་ཐོགས་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ སྦོམ་ཤོས་ཅིག་ཨིན་མི་ སངས་རྒྱས་འོད་དཔག་མེད་ཀྱི་ མཐོང་གྲོལ་དེ་ནང་ ཉེ་བའི་སྲས་ཆེན་བརྒྱད་ཀྱི་ སྐུ་འདྲ་ཚུ་ བཞེངས་ཏེ་ཡོདཔ་ཨིན་པས།
ད་ལས་ཕར་ མཐོང་གྲོལ་དེ་ ལོ་བསྟར་བཞིན་དུ་ ལྷ་བབས་དུས་ཆེན་གྱི་ཉིནམ་དང་འབྲེལ་ མི་མང་ལུ་ མཇལ་ཁ་གནང་ནི་ཨིནམ་ད་ རབ་ཏུ་འབྱུང་པ་ཅིན་ ཨ་མི་དྷེ་ཝ་ཧྲི་དུང་སྒྲུབ་བསག་ནིའི་ འཆར་གཞི་ཡང་འདུག།
ཉིནམ་དེ་ལུ་ མི་དབང་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་མཆོག་གིས་ བཤད་གྲྭའི་ལྷ་ཁང་གུ་ ཕིཊ་༡༠ འབད་མི་ གསེར་ཏོག་གསརཔ་ཅིག་ བཀལ་གནང་ཡི།
སྔགས་གྲྭ་བཤད་གྲྭ་ནང་ དབུ་འཛིན་དང་ སློབ་དཔོན་༧ དེ་ལས་ དགེ་སློང་ཞལ་གྲངས་༥༠ ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *