དངུལ་འབྲེལ་མཐུན་རྐྱེན་དཔྱད་ཡིག་ རྒྱལ་ཡོངས་ཚོགས་འདུ་ནང་ བསྐྱར་གྲོས་དོན་ལུ་ཕུལ་ནི།

༉ རྒྱལ་ཡོངས་ཚོགས་སྡེ་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་གྱི་ དོགས་ཟོན་ཁག་༤ ལུ་ འཐུས་མི་མང་ཤོས་ཅིག་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ དཔྱད་ཡིག་དེ་ བཀག་ཆ་འབད་ཡི།

རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བསོད་ནམས་ཀུན་དགའ་གིས་འབད་བ་ཅིན་ དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ བསྐྱར་གྲོས་ཀྱི་དོན་ལུ་ ཡོངས་ཁྱབ་དྲུང་ཆེན་ཡིག་ཚང་གིས་ འཕྲལ་མགྱོགས་སྦེ་ར་ གཏང་ནི་ཟེར་ཞུ་ཡི།
རྒྱལ་ཡོངས་ཚོགས་སྡེ་ནང་ འཐུས་མི་ཡོངས་བསྡོམས་༢༤ ཡོད་ས་ལས་ འཐུས་མི་༧ གྱིས་ དཔྱད་ཡིག་ལུ་ རྒྱབ་སྐྱོར་འབད་ཡོདཔ་ད་ འཐུས་མི་༨ ཀྱིས་ ཚོགས་རྒྱན་བཙུགས་ནི་ལས་ འཛེམ་ཡོདཔ་ད་ གཞན་༩ གིས་ རྒྱབ་སྐྱོར་མ་འབདཝ་ལས་ དཔྱད་ཡིག་དེ་ བཀག་ཆ་འབད་ཡི།
དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དཔྱད་ཡིག་༢༠༡༧ ཅན་མ་ བཀག་ཆ་འབད་མི་དེ་ཡང་ གནད་དོན་དང་པ་དེ་ རྒྱལ་ཁབ་ནང་ དཔལ་འབྱོར་གོང་འཕེལ་དང་ སྒེར་སྡེ་གོང་འཕེལ་གཏང་ནི་ལུ་ ལུང་ཕྱོགས་འདྲ་མཉམ་གོང་འཕེལ་གཏང་ནི་དང་ ཕྱུགཔ་དང་ སྤྱང་ཀའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནིའི་ དམིགས་གཏད་འགྲུབ་ཚུགས་ནི་ལུ་ དོགས་པ་ཡོད་མི་ལུ་བརྟེན་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ ནང་འཁོད་འོང་འབབ་མཐོ་ཤོས་ཅིག་ ཁྲལ་ལས་བརྟེན་ཏེ་ ཐོབ་དོ་ཡོདཔ་ད་ ཁྲལ་སྦོམ་སྦེ་བཏབ་ཡོད་མི་ ལས་སྡེ་མང་ཤོས་ཅིག་ལུ་ ཁྲལ་གྱི་ ཕབ་ཆག་གནང་པ་ཅིན་ དེ་གིས་སྦེ་ ནང་འཁོད་འོང་འབབ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ནི་ཨིནམ་མ་ཚད་ ནང་འཁོད་འོང་འབབ་ཀྱིས་ བདའ་མ་ཟུན་པ་ཅིན་ ཕྱིའི་གནང་བྱིན་དང་ བསྐྱིན་འགྲུལ་ལེན་ནི་ཚུ་ ཡར་སེང་འགྱོ་མི་དེ་གིས་ རྒྱལ་ཁབ་ཀྱི་ རང་མགོ་རང་འདྲོངས་ལུ་ གནོད་ཉེན་འབྱུང་ནི་གི་ ཚ་གྱང་ཡོད་མི་ལུ་བརྟེན་ བཀག་ཆ་འབད་ཡོདཔ་ཨིན།
གསུམ་པ་ གཞུང་གི་ཁ་ཐུག་ལས་ དཔལ་འབྱོར་གོང་འཕེལ་གྱི་སྲིད་བྱུས་༢༠༡༧ ཅན་མ་ གསར་བཏོན་གནང་མི་དེ་ཡང་ ཡོངས་རྫོགས་ཅན་སྦེ་ བསྐྱར་ཞིབ་མ་མཛད་པའི་དོགས་པ་ཡོད་པའི་ཁར་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་གྱི་ དཔྱད་ཡིག་༢༠༡༧ ཅན་མ་དེ་ སྲིད་བྱུས་དེ་གུ་ གཞི་བཞག་སྟེ་འབདཝ་ད་ སྟབས་མ་བདེཝ་སྦོམ་ཡོད་པའི་ཁར་ སྲིད་བྱུས་དང་དཔྱད་ཡིག་གཉིས་ཀྱི་བར་ན་ ཚོགས་སྡེའི་ བཀག་ཆ་དེ་ལུ་ རྒྱབ་སྐྱོར་འབད་ཡི།
དཔྱད་ཡིག་དེ་ནང་ ལས་སྡེ་ཚུ་ལུ་ ཆེད་དམིགས་ཀྱི་ཐད་ཁར་ སེམས་ཤུགས་མཐུན་རྐྱེན་གནང་ནིའི་དོན་ལུ་ ལས་སྡེ་ཚུ་ ངོས་འཛིན་འབད་དེ་ཡོད་རུང་ ལས་སྡེ་དཔེར་ན་ སྒེར་གྱི་གསོ་བའི་ལས་སྡེ་དང་ ཚོང་འབྲེལ་གཞི་རྟེན་མཁོ་ཆས་གོང་འཕེལ་གཏང་མི་ལ་སོགས་པ་ཚུ་གི་ ཁ་གསལ་ག་ནི་ཡང་ མིན་འདུག་ཟེར་ཨིནམ་ད་ དེ་གི་ཐོ་ཚུ་ ག་ནི་ཡང་ ཚུད་དེ་མེདཔ་ལས་ སེམས་ཤུགས་མཐུན་རྐྱུན་གྱི་དམིགས་པ་དང་ དེའི་གཙོ་རིམ་ཚུ་ མ་ཤེས་པའི་ དོགས་པ་བྱུང་ནུག།
དཔྱད་ཡིག་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ བསྐྱར་གྲོས་ཀྱི་དོན་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *