ལྷ་ལུང་གསུང་སྤྲུལ་རིན་པོ་ཆེ་མཆོག་དང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་དང་ ཁྲིམས་སྲུང་དམག་མི་ཚུ།

དགྲ་མེད་རྩེ་ལུ་ རྒེད་འོག་འགག་སྡེའི་ཡིག་ཚང་ སྒོ་འབྱེད་འབད་ཡོདཔ།

༉ མོང་སྒར་རྫོང་ཁག་ དགྲ་མེད་རྩེ་དང་ ན་རང་ བ་ལམ་རྒེད་འོག་༣ ནང་ ཁྲིམས་འགལ་གྱི་ བྱ་ངན་འབད་མི་ མར་ཕབ་འབད་ཐབས་ལུ་ དགྲ་མེད་རྩེ་རྒེད་འོག་ནང་ རྒེད་འོག་འགག་སྡེའི་ཡིག་ཚང་ སྒོ་འབྱེད་འབད་ཡི།

ཡིག་ཚང་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༦ ལུ་ དགྲ་མེད་རྩེ་ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་གྲྭ་ཚང་གི་གཙོ་འཛིན་ ལྷ་ལུང་གསུང་སྤྲུལ་རིན་པོ་ཆེ་གིས་ སྒོ་འབྱེད་གནངམ་དང་འབྲེལ་ རྒེད་འོག་འགག་སྡེའི་དོན་ལུ་ བསྐོ་བཞག་འབད་མི་ ཁྲིམས་སྲུང་འགག་པ་༥ ལུ་ ལེགས་དར་གནང་ཡི།

རྒེད་འོག་༣ དེ་ རྫོང་ཁག་ལས་ ལམ་ཐག་རིང་མི་ལུ་བརྟེན་ གཡུས་ཚན་ཚུ་ནང་ འཐབ་འཛིང་དང་ བྱ་ངན་ དེ་ལས་ དགྲ་མེད་རྩེ་ལྷ་ཁང་ནང་ ལོ་བསྟར་བཞིན་དུ་ ཚེས་བཅུ་དང་ སྒྲུབ་ཆེན་ལ་སོགས་པ་ འགོ་འདྲེན་འཐབ་ནི་ མི་སེར་སྟོང་ཕྲག་ལས་བཅད་དེ་སྤུངས་འཛོམས་འབདཝ་ད་ ལྟ་རྟོག་འབད་མི་ ཁྲིམས་སྲུང་འགག་པ་མེད་པའི་ གདོང་ལེན་བྱུང་ཡོདཔ་ཨིན་པས།

མོང་སྒར་ཁྲིམས་སྲུང་འགག་སྡེའི་འགོ་བདག་ ཀརྨ་བསོད་ནམས་ཀྱིས་ སླབ་མིའི་ནང་ རྒེད་འོག་འགག་སྡེའི་ ཡིག་ཚང་གིས་ ཁྲིམས་འགལ་འབད་མི་ཚུ་ བཀག་ཐབས་འབད་ནི་དང་ དུས་ཚོད་ཐུང་ཀུ་ཅིག་ནང་ མི་སེར་ལུ་ བྱ་སྟབས་མ་བདེཝ་རེ་ འཐོན་པ་ཅིན་ ཞབས་ཏོག་སྤྲོད་ནི་ དེ་ལས་ བདུན་རིམ་བཞིན་དུ་ སྣུམ་འཁོར་ཚུ་ ལྟ་རྟོག་དང་ ཞིབ་དཔྱད་འབད་ཚུགས་ཟེར་ཨིན་པས།

ན་རང་གི་རྒཔོ་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ རྒེད་འོག་༣ ནང་ ཁྲིམས་ལུགས་ཚུ་ལས་འགལ་བའི་ བྱ་ངན་རེ་འབདཝ་ད་ དེ་འཕྲོ་ལས་ འགག་སྡེའི་ཞབས་ཏོག་ལེན་ཚུགས་ནི་མས་ཟེར་ཨིན་པས།

དགྲ་མེད་རྩེ་ལུ་ ཁྲོམ་གོང་འཕེལ་དང་ སློབ་གྲྭ་ལྟེ་བ་ དེ་ལས་ ཉིན་བསྟར་བཞིན་དུ་ ལྷ་ཁང་མཇལ་བར་ རྫོང་ཁག་གཞན་ཚུ་ལས་ མི་སེར་མ་ཆད་པར་འོངམ་ད་ དུས་དང་བསྟུན་ ཁྲིམས་འགལ་ག་ཅི་བཟུམ་ཡང་འབད་ནིའི་ ཉེན་ཁ་ཡོདཔ་ལས་ ད་རེས་ འགག་སྡེའི་ཡིག་ཚང་ གཞི་བཙུགས་འབད་མི་ལུ་བརྟེན་ བློ་བདེ་ཏོག་ཏོ་ཡར་སོ་ཡི་ཟེར་ སྐྱེས་ལོ་༤༥ ལང་མི་ ཚོང་པ་དབང་མོ་གིས་ བཤདཔ་ ཨིན་པའི་གནས་ཚུལ།

དགྲ་མེད་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *