དགེ་ལེགས་ཕུག་ལུ་ རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་ཉིནམ་བརྩི་སྲུང་།

༉ སྤྱི་ལོ་༢༠༡༢ ལུ་ ཀརྨ་བླ་མ་དེ་ སློབ་རིམ་༧ པ་མཇུག་བསྡུཝ་ཅིག་ གནམ་དགུན་གྱི་ངལ་གསོ་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ མཇུག་བསྡུ་ནིའི་རེ་བ་བསྐྱེད་སྡོད་པའི་བར་ན་ ཁོ་རའི་ལག་པའི་མཛུབ་མོ་ཚུ་ནང་ ཚོར་བ་མེདཔ་འགྱོ་ཞིནམ་ལས་ ལགཔ་དང་རྐངམ་ལུ་ཡང་ ཟུན་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཁོ་ར་སྨན་ཁག་ནང་ འགྱོ་དགོཔ་ཐོན་ཡོདཔ་བཞིན་དུ་ ལོ་གཅིག་ནང་ར་ རྩ་བསྐུམ་ནད་གཞི་ཐོབ་ཡོདཔ་ད་ ད་རེས་འབདཝ་ད་ ལོ་༥ ལང་ཡོདཔ་ཨིན་པས།
ད་རེས་ ཁོ་ར་སྐྱེས་ལོ་༢༡ ལང་ཡོདཔ་ད་ ཀརྨ་གི་ཨམ་ཅུམ་ སྐྱེས་ལོ་༣༧ ལང་མི་ བཱ་རི་པཱར་དཱན་དེ་ ཁོ་གི་ནད་གཡོགཔ་ཨིནམ་ད་ མོ་གིས་ སླབ་མིའི་ནང་ གསོ་བའི་བརྟག་དཔྱད་ཚུ་ མཐིལ་ཕྱིན་འབད་ཡོད་རུང་ དྲག་མ་ཚུགས་ཟེར་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་གཙོ་བསྟེན་སྨན་ཁང་གི་ གསོ་བའི་ལས་བྱེདཔ་ཚུ་གིས་ ཀརྨ་གི་ཕམ་༢ ལུ་ ཕྱིའི་སྨན་ཁང་ནང་ འབག་འགྱོ་བ་ཅིན་ དྲག་ནིའི་གོ་སྐབས་ཡོད་ཟེར་ སླབ་ཡོདཔ་ཨིན་པས།
ཨིན་རུང་ ཕྱིའི་སྨན་ཁང་ནང་གཏང་ནི་དེ་ སྟབས་མ་བདེཝ་ཡོད་མི་དེ་ཡང་ ཀརྨ་བླ་མ་ལུ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་མེད་མི་ལུ་བརྟེན་ཨིནམ་ད་ མོ་གིས་ སླབ་མིའི་ནང་ མོ་གི་ནདཔ་དེ་ དུས་རྒྱུན་དུ་སྨན་བཅོས་འབད་རུང་ ལེགས་བསྒྱུར་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཁོ་གི་ གསོ་བའི་སྙན་ཞུ་དང་འཁྲིལཝ་ད་ ནད་གཞི་དེ་ ཀླདཔ་གི་ནད་གཞི་ལུ་བརྟེན་ གཟུགས་སྤར་མ་ཚུགས་པར་ཡོདཔ་ཨིན་པས།
འབྲུག་གི་དབང་པོ་སྐྱོན་ཅན་མཐུན་ཚོགས་ཀྱིས་ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་བར་མའི་ནང་ རྒྱལ་སྤྱི་དབང་པོ་སྐྱོན་ཅན་གྱི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ ཀརྨ་བླ་མ་དང་ ཁོ་གི་བཟའ་ཚང་ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ འདྲ་མཉམ་གྱི་དོན་ལུ་ དབང་ཆ་བྱིན་དགོ་པའི་སྐོར་ལས་ རེ་འདོད་བསྐྱེད་ཡོདཔ་ཨིན་པས།
ད་རུང་ ཉིནམ་དེ་ནང་ བཅའ་མར་གཏོགས་མི་ དབང་པོ་སྐྱོན་ཅན་ ན་བཱིན་པཱར་དཱན་ཨིནམ་ད་ ཁོ་ར་ སྐྱེས་བའི་སྐབས་ལས་ར་ དབང་པོ་སྐྱོན་ཅན་ཡོད་རུང་ སྨན་བཅོས་འབད་ཞིནམ་ལས་ ཁོ་གིས་ ལམ་འགྱོ་ཚུགསཔ་མ་ཚད་ ཁ་ཡང་ སླབ་ཚུགས་དོ་ཡོདཔ་ཨིན་པས།
ཁོ་གིས་ ཨིང་སྐད་ནང་ གསལ་བཤད་ཐུང་ཀུ་ཅིག་ ཞིབ་ཞིབ་སྦེ་ བཏང་ཡོདཔ་ད་ ཁོ་གིས་ མ་གཞི་སློབ་གྲྭ་ནང་འགྱོ་ནི་ལུ་ སེམས་དགའ་རུང་ ཁོ་ར་ ཆ་རོགས་འཆམ་མཐུན་ཚུ་ཡོད་པའི་ སློབ་གྲྭ་ལས་ ཐག་རིང་ཤོས་དང་ སྐྱེལ་འདྲེན་གྱི་མཐུན་རྐྱེན་གྱི་ དཀའ་ངལ་ཡོད་མི་ལུ་བརྟེན་ སློབ་གྲྭ་བཀོག་བཞག་དགོཔ་ཐོན་ནུག།
ན་བིན་གྱིས་ འབྲི་ལྷག་གི་ ཤེས་ཡོན་རྐྱངམ་གཅིག་གིས་མ་དོ་བར་ ཞབས་ཁྲ་འཐེན་ནི་དང་ བརྡ་དོན་འཕྲུལ་རིག་གི་རིག་རྩལ་ དེ་ལས་ སློབ་གྲྭའི་རྩེད་རིག་འགྲན་བསྡུར་ཚུ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ འབྲིང་རིམ་སློབ་གྲྭ་འོག་མའི་ནང་ མི་༣༣ ཤོང་མི་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ སློབ་ཁང་ཡང་ཡོདཔ་ཨིན་པས།
འགོ་འབྱེད་སྐབས་ གསར་སྤང་རྫོང་བདག་ ཀརྨ་དགེ་ལེགས་ཀྱིས་ སླབ་མིའི་ནང་ དབང་པོ་སྐྱོན་ཅན་ཚུ་གི་དོན་ལུ་ ཧ་གོ་ཞིནམ་ལས་ མི་སྡེ་ནང་ ངོས་ལེན་འབད་ས་དེ་ སློབ་གྲྭ་ནང་ཨིན་པའི་ཁར་ མ་གཞི་ རྒྱལ་ཁབ་ནང་ སྤྱོད་ལམ་གྱི་དཀའ་ངལ་མེད་རུང་ དབང་པོ་སྐྱོན་ཅན་ཚུ་ སྤྱིར་བཏང་གི་འབྲེལ་གནད་ནང་ ཚུད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ང་བཅས་ར་ དབང་པོ་སྐྱོན་ཅན་ཚུ་དང་གཅིག་ཁར་ སྡོད་མི་དང་འཁྲིལ་ ང་བཅས་ཀྱི་སྲིད་བྱུས་བཟོ་མི་དང་ འཆར་གཞི་བརྩམ་མི་ཚུ་གིས་ དབང་པོ་སྐྱོན་ཅན་ཚུ་གི་ མཐུན་རྐྱེན་མཁོ་ཆས་བཟོ་ནི་དེ་ཡང་ སེམས་ཁར་བཞག་དགོཔ་ གལ་ཆེ་ཟེར་ རྫོང་བདག་གིས་ བཤད་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *