དགེ་ལེགས་ཕུག་དང་ ཨ་སམ་གྱི་གཞུང་ལམ་ ལོག་སེལ་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༢༥ གི་ནུབ་མོར་ དགེ་ལེགས་ཕུག་ནང་འཁོད་གནམ་གྲུ་ཐང་གི་འོག་ལུ་ ཆུ་རྒྱ་ཆེཝ་སྦེ་ འཁྱིལ་ཡོད་པའི་རྫིང་དེ་ རྦད་ཡར་སོཔ་ལས་ རྒྱ་འབྲུག་གི་ ས་མཚམས་སྒོ་ར་ཁའི་ སྦོ་ལོགས་ཁར་ དགེ་ལེགས་ཕུག་-ཨ་སམ་གྱི་ གཞུང་ལམ་མི་ཊར་༡༠༠ དེ་ཅིག་ འཕྱགས་བདའ་མི་ལུ་བརྟེན་ སྣུམ་འཁོར་ཚུ་ ཕར་ཚུར་རྒྱུན་འགྲུལ་འཐབ་མ་ཚུགས་པར་ ཉིནམ་༡ གི་རྒྱབ་ལས་ ཇེ་སི་བི་འཕྲུལ་གླང་༢ དང་ ས་བརྐོ་འཕྲུལ་ཆས་༡ ལམ་སྙོམས་འཕྲུལ་ཆས་༡ དེ་ལས་ སྣུམ་འཁོར་ཊི་པར་ཊཱག་༡༠ གྱིས་ ཉིནམ་ཧྲིལ་བུ་ལཱ་འབད་བའི་ཤུལ་ལུ་ ཁ་ཙ་དྲོ་པར་ གཞུང་ལམ་དེ་ སེལ་ཡོདཔ་ཨིན་པས།
སྦོམ་ཆུང་ཕུཊ་བཱོལ་རྩེད་ཐང་བཟུམ་ཅིག་ཡོད་མི་ ཆུ་རྫིང་དེ་ནང་ ཆུ་མི་ཊར་༣༨,༠༠༠ ཤོང་ཚུགས་ནི་ཨིནམ་ད་ དེ་གི་ཧེ་མར་ ཆུ་རུད་ལན་ཐེངས་༥ ཐོན་མི་ཚུ་ག་ར་ ཆུ་རྫིང་ནང་ འཛུལ་མི་ལུ་བརྟེན་ ཆུ་རྫིང་རྦད་སོང་ཡོད་པའི་གནས་ཚུལ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *