ཁ་ཙ་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ དགེ་ལེགས་ཕུག་དབུས་ཕྱོགས་གཙོ་བསྟེན་སྨན་ཁང་ སྒོ་འབྱེད་འབད་བའི་བསྒང་།

དགེ་ལེགས་ཕུག་དང་ རྩི་རང་གི་ སྨན་ཁང་སྒོ་འབྱེད་འབད་ཡོདཔ།

༉ ཉལ་ཁྲི་༡༥༠ འབད་མི་ དགེ་ལེགས་ཕུག་དབུས་ཕྱོགས་གཙོ་བསྟེན་སྨན་ཁང་དང་ ཉལ་ཁྲི་༤༠ འབད་མི་ རྩི་རང་རྫོང་ཁག་སྨན་ཁང་གཉིས་ ཁ་ཙ་ སྒོ་འབྱེད་འབད་ཡོདཔ་ཨིན་པས།
སྒོ་འབྱེད་འབད་བའི་སྐབས་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ སྨན་ཁང་གཉིས་ཀྱིས་ རྒྱལ་ཁབ་ནང་ གསོ་བའི་ལམ་ལུགས་ཀྱི་ སྤྱིར་བཏང་གཞི་བཀོད་ནང་ ཕན་ཁྱད་སྦོམ འབྱུང་ནི་ཨིན་མི་དེ་ཡང་ དགེ་ལེགས་ཕུག་དབུས་ཕྱོགས་གཙོ་བསྟེན་སྨན་ཁང་ལུ་བརྟེན་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནདཔ་འོང་མིའི་གྱངས་ཁ་ མར་ཕབ་འབད་ཚུགས་ཟེར་བཤད་ནུག།
ད་རེས་ཀྱི་ གནས་སྟངས་ནང་ ཐིམ་ཕུག་སྨན་ཁང་ནང་འོང་མི་ ནདཔ་བརྒྱ་ཆ་༢༠ དེ་ཅིག་ དགེ་ལེགས་ཕུག་དང་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་ལས་ སྨན་བཅོས་འབད་བར་ བཏང་མི་ཨུ་ཨིན་པས།
དགེ་ལེགས་ཕུན་སྨན་ཁང་གིས་ རྩི་རང་དང་ གཞལམ་སྒང་ བུམ་ཐང་ ཀྲོང་གསར་དང་ གསར་སྤང་རྫོང་ཁག་༦ གི་དོན་ལུ་ གཙོ་བསྟེན་སྨན་ཁང་སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ སྨན་ཁང་སྒོ་འབྱེད་འབད་མི་དེ་གིས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནདཔ་མང་དྲགས་པའི་ དཀའ་ངལ་ཡོད་མི་དེ་ སེལ་ཚུགས་ཟེར་ཨིན་པས།
ད་ལྟོ་ དགེ་ལེགས་ཕུག་སྨན་ཁང་ནང་ མོ་ནད་མཁས་མཆོག་གཉིས་དང་ གསོ་བའི་མཁས་མཆོག་གཉིས་ རྣམ་ཅོག་དང་ ལྷ་པ་ དེ་ལས་ ལྐོདམ་གི་མཁས་མཆོག་དང་ སྤྱིར་བཏང་གཤག་བཅོས་འབད་མི་ཚུ་བརྩིས་ཏེ་ གསོ་བའི་མཁས་མཆོག་༨ ཡོདཔ་ཨིན་པས།
གཙོ་བསྟེན་སྨན་ཁང་དེ་ནང་ གསོ་བའི་མཐུན་རྐྱེན་གསརཔ་ཚུ་གི་གྲས་ལས་ སི་ཊི་ཨིསི་ཀེན་འཕྲུལ་ཆས་དང་ གློག་པར་འཕྲུལ་ཆས་ཚུ་ ཇ་པཱན་གཞུང་གི་ གྲོགས་རམ་ཐོག་ལས་ བཙུགས་ཏེ་ཡོདཔ་ཨིན་པས།
རྩི་རང་རྫོང་ཁག་སྨན་ཁང་གི་ཐད་ཁར་ལྷོདཔ་ད་ གསོ་བའི་བློན་པོ་གིས་ བཤད་མིའི་ནང་ མཐུན་རྐྱེན་གསརཔ་བཙུགས་མི་དེ་གིས་ ཨ་ལོ་དང་ ཨམ་སྲུའི་འཕྲོད་བསྟེན་ཚུ་ ཡར་དྲག་གཏང་ཚུགས་ནི་ཨིནམ་མ་ཚད་ གསོ་བའི་བརྡ་དོན་ལམ་ལུགས་ཡང་ ལེགས་བསྒྱུར་འབད་དེ་ཡོད་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ལས་འགུལ་མཇུག་བསྡུའི་ ཚེས་གྲངས་དེ་ སྤྱི་ལོ་༢༠༡༨ ཟླ་༥ པའི་ནང་ཨིན་རུང་ ས་ཁོངས་ནང་ གློག་མེ་འཕྲུལ་ཆས་ ཇེ་ནི་རེ་ཊར་བཞག་སའི་ཁྱིམ་དང་ ཆུ་མཛོད་ དེ་ལས་ གཞན་ནང་འཁོད་བཅོ་ཁ་རྐྱབ་ནིའི་ ལཱ་ཚུ་འབད་དགོཔ་ ཐོན་ནི་དེ་གིས་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་ཟེར་ཨིན་པས།
དགེ་ལེགས་ཕུག་དབུས་ཕྱོགས་གཙོ་བསྟེན་སྨན་ཁང་དེ་ དངུལ་ཀྲམ་ས་ཡ་༨༣༥ དང་ རྩི་རང་རྫོང་ཁག་སྨན་ཁང་དེ་ དངུལ་ཀྲམ་ས་ཡ་༢༡༨ ཟད་འགྲོ་བཏང་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་ད་ སྨན་ཁང་གཉིས་ཆ་ར་ རྒྱ་གར་གཞུང་གིས་ མ་དངུལ་གྲོགས་རམ་ཐོག་ལས་ རྐྱབ་ཡོད་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *